e-texts navigator
Collection
Volume
Page
Wylie

176b1 གྱུར་ན། ། མཚན་རྣམས་བཟུང་ནས་དེའི་འོག་ཏུ།། ཉེ་བྱས་དེ་ཡང་བཤགས་པར་བྱ།། ཡན་ལག་ལྔ་ཡིས་གདུགས་ནས་ནི།། རྒྱལ་རྣམས་བྱང་ཆུབ་སྔོན་རོལ་དུ།། དུས་གསུམ་དགེ་བཅི་བསགས་པ།། དེ་ཀུན་རྗེས་སུ་ཡི་རང་བྱ།། འཇིག་རྟེན
176b2 རྩལག་རྣམས་ཀྱིས་ནི། ། བྱང་ཆུབ་བརྙེས་ནས་ཆོས་གསུངས་དང་།། ལུས་ཅན་གང་དག་འཇིག་རྟེན་གྱི།། མགོན་པོ་རྣམས་ལ་མཆོད་བྱེད་པ།། དེ་ལ་རྒྱལ་བའི་སྲས་རྣམས་ཀྱིས།། ཉིན་མཚན་དུས་གསུམ་ཡི་རང་བྱ།། དེས་ན་བདག་གཞན
176b3 དོན་བྱེད་པའི། ། ཕ་རོལ་ཕྱིན་པ་རྫོགས་པར་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག
176b4 དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡིད་རངས་ཏེ། མངོན་པར་བསྟོད་དོ།། འཕགས་པ་རིན་ཆེན་ཟླ་བས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མད་ཛགས་སོ།།
176b5 རྒྱ་གར་གྱི་མཁན་པོ་བི་ཤུད་དྷ་སིད་ཧ་དང་། ལོ་ཙྪ་བ་བན་དེ་དགེ་བ་དཔལ་གྱིས་བསྒྱུར།། ། རྒྱ་གར་གྱི་མཁན་པོ་བིད་དྷ་ཀ་ར་སཱི་ཧ་དང་། ཞུ་ཆེན་གྱི་ལོ་ཙྪབ་བན་དེ་དེ་བ་ཙན་དྲས་ཞུས་ཏེ་གཏན་ལ་ཕབ་པ།
176b6 རྒྱ་གར་སྐད་ཏྲ། ཨཱརྱ་ཤཾ་ཀ་ར་བ་རི་པྲི་ཙཱནྡ་མ་མ་ཧཱ་ཡཱན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བདེ་བྱེད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམ་ཅད་ལ་ཕྱག་འཚལ་ལོ།།
176b7 སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་ཤཱཀྱའི་ཡུལ་སེར་སྐྱའི་གནས་ན་ཤཱཀྱ་རྣམས་ཀྱི་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ
176b8 ཤཱཀྱ་སྱའི་བུ་བདེ་བྱེད་ཅེས་བྱ་བ་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནས་ཕྱུང་སྟེ། ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག




iiif viewer powered by OpenSeadragon

176a - 177a

Texts on this page

Q831 - 'phags pa rin chen zla bas zhus pa zhes bya ba theg pa chen po'i mdo
Q832 - 'phags pa bde byed kyis zhus pa zhes bya ba theg pa chen po'i mdo