| | e-texts navigator
|
176a1 འཇིགས་པ་མེད། ། གང་དག་བཟོད་ལ་རབ་གནས་ཤིང་།། གང་དག་གཟུངས་ལ་གནས་པ་དང་།། གང་དག་མཚུངས་མེད་ཀོང་ཉིད་ཚུལ།། མཚན་ཉིད་ཀྱི་ནི་མདོ་སྡེ་དང་།། བྱང་ཆུབ་རྒྱུར་འགྱུར་སྡེ་སྣོད་དང་། འཐུན་པར
176a2 འཇུག་པའི་མདོ་སྡེ་ལ། ། ལེགས་སྐབས་བྱང་ཆུབ་སེམས་རྣམས་ལྟར།། ཐུབ་པ་བདག་ནི་བྱང་ཆུབ་ཀྱི།། སྤྱད་པ་སྤྱོད་ཅིང་སློབ་པར་འཚལ།། རང་བྱུང་དེ་དག་ཇི་བཞིན་དུ།། ཞིང་གི་བཀོད་པ་རྣམ་དག་དང་།། སྤྱོད་དང་སྤྱོད་ཡུལ
176a3 ཏིང་འཛིན་དང་། ། དེ་དག་གི་ནི་ཡོན་ཏན་དང་།། དྲང་སྲོང་མཆོག་རྣམས་སྐུ་ཚེའི་ཚད།། གསུངས་པ་གང་ལགས་རྫོགས་པར་བཅི།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་དང་། རིན་ཆེན་ཟླ་བ་གཞོན་ནུར་གྱུར་པ་ལ
176a4 ལེགས་སོ་ཞེས་བྱ་བ་བྱིན་ནས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། འཇིག་རྟེན་མགོན་པོ་དེ་རྣམས་ཀྱི།། མཚན་ནི་གང་ཞིག་འཛིན་བྱེད་པ།། མ་འོངས་དུས་ན་དེ་དག་ཀུན།། རྐང་གཉིས་རྣམས་ཀྱི་མཆོག་དུ་འགྱུར།། ད།།
176a5 ཡིས་ཇི་སྐད་གསུངས་པ་བཞིན།། དྲང་སྲོང་མཆོག་བཞུགས་དེ་དག་ལྟར།། དེ་དག་ཚེ་ཡང་བསྐལ་པ་ནི།། བྱེ་བ་བསམ་ཡས་རྙེད་དུ་འགྱུར།། གང་ཞིག་སྐྱོབ་པ་དེ་དག་གི། མཚན་འདི་དག་ནི་འཛིན་དེ་ལ།། མེ་དང་ཆོམ་རྐུན་དྲུག
176a6 རྣམས་དང་། ། མཚོན་གྱིས་ཚུགས་པར་མི་འགྱུར་རོ།། མཚན་འདི་དག་ནི་འཛིན་བྱེད་ན།། ཆུ་ཆེན་དག་གིས་དེ་མི་འཆི།། རྒྱལ་པོའི་གནོད་པས་མ་ཡིན་ཏེ།། དེ་ནི་ནམས་ཀྱང་ཆོས་མི་སྤོང་།། མཚན་མོ་ཐུན་ཚོང་དང་པོ།
176a7 དང་།། གུང་དང་ཐ་མ་འང་དེ་བཞིན་ཏེ།། དུས་གསུམ་དག་ཏུ་མཚན་སྒྲོགས་དང་།། དྲང་སྲོང་མཆོག་ནི་དེ་དག་གི། མཚན་རྣམས་སྔ་དྲོ་སྒྲོགས་བྱེད་ཅིང་།། ཉི་མའི་གུང་ལ་སྤོགས་བྱེད་དང་།། མཁས་པ་ནུབ་ཀར་སྒྲོགས་བྱེད་པ།། རྨི་ལམ
176a8 བཟང་པོ་མཐོང་བར་འགྱུར། ། མཚན་རྣམས་བཟུང་ནས་དེའི་འོག་ཏུ།། བསྐལ་པ་བྱེ་བ་སྟོང་རྣམས་སུ།། སྔོན་ཆད་སྡིག་པ་ཅི་བསགས་པ།། མི་དགེ་ཐམས་ཅད་བཤགས་པར་བྱ།། དེ་ཡི་ལུས་ངག་ཡིད་ཀྱི་ལས།། མི་དགེ་གང་དག་བྱས
iiif viewer powered by OpenSeadragon
175b - 176b