| | e-texts navigator
|
175a1 དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། ། སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་དེ་དག་གིས་ཆོས་ཀྱི་འཁོར་ལོ་བཀར་རོ།། ཐམས་ཅད་ཀྱི་ཚེ་ཚད་ཀྱང་མཉམ་མོ།། གཞོན་ནུ་དེ་བཞིན
175a2 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱང་ཉི་མ་གཅིག་ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན
175a3 འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཟས་ཁྱེའུ་རིན་ཆེན་ཟླ་ཟས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སྐུ་ཚེའི་ཚད་ནི་ངོ་མཚར་ལགས
175a4 ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག་གིས་ནི་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སླད་དུ་སུ་ཚེའི་ཚད་དེ་ཙམ་དུ་རིང་བ་གཞེས་ལགས་སོ།། ཅོམ་ལྡན་འདས་གཞན་ཡང་གིས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དེ་ཞིན་གཤེགས་པ་དེ
175a5 རྣམས་ཀྱི་སྐུ་ཚེའི་ཚད་འདི་ལ་དེ་བཞིན་དུ་འཛིན་ཅིང་ཡིད་ཆེས་ལ་སྤོང་བར་མི་བགྱིད་འདོར་བར་མི་བགྱིད་པ་དེ་ལ་བསོད་ནམས་ཇི་ཙམ་སྐྱེ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་སྟོང་གསུམ་གྱི་སྟོང
175a6 ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་། དེ་བཞིན་གཤེགས་པ་བཅུ་པོ་དེ་དག་གི་སངས་རྒྱས་ཀྱི་ཞིང་དེ་ཅི་རེག་དང་། སངས་རྒྱས་ཀྱི་ཞིང་བཅུ་པོ་རྣམས་ལྷའི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ནས་དེ་བཞིན་གཤེགས
175a7 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཉིན་ཅིག་བཞིན་དུ་སྦྱིན་པ་བྱིན་ཏེ། དེ་ལྟ་བུར་བསྐལ་པ་གྲངས་མེད་པར་སྦྱིན་པ་སྦྱིན་པར་བྱེད་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་མཚན་འདི
175a8 རྣམས་དང་། སྐུ་ཚེའི་ཚད་འདི་རྣམས་ཐོས་ནས་དེ་བཞིན་དུ་འཛིན་ཅིང་ཡིད་ཆེས་ལ་སྨོད་པར་མི་བྱེད་སྨོད་པར་མི་བྱེད་དེ། མོས་པར་མི་བྱེད་ཅིང་འཐུན་པར་བྱེད་ན་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བསོད་ནམས་ཀྱི་བྲང་པོ
iiif viewer powered by OpenSeadragon
174b - 175b