| | e-texts navigator
|
174b1 ཡང་རུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱོད་པ་དང་། ཡོན་ཏནལྡན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར
174b2 གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཕུན་སུམ་ཚོགས་པ་དང་ལྡན་པད་དག་གི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། གནོན་ནུ་སྔོན་བྱུང་བ་འདས་པའི་དུས
174b3 བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ་ཡུན་རིང་པོ་ཚད་མེད་པ་འདས་པ་དེའིམ་རིན་ཆེན་འབྱུང་གནས་ཞེས་བྱ་བའི་བསྐལ་པ་ཞིག་བྱུང་སྟེ། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི
174b4 སངས་རྒྱས་རིག་པ་དང་ནབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྒྱ་མཚོའི་དཔལ་ཞེས་བྱ་བ་ཞིག
174b5 འཇིག་རྟེན་དུ་བྱུང་སྟེ། དེར་དེ་བཞི་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅུ་པོ་འདི་དག་ཐམས་ཅད་ལྷན་ཅིག་ཏུ་འཐུན་པར་དགེ་བའི་རྩ་བ་སྐྱེད་དེ། ཟས་དང་། སྐོམ་དང་། བཟའ་བ་དང་། བཅའ་བ་རྣམས
174b6 པ་སྣ་ཚོགས་དང་། མེ་ཏོག་དང་། སྤོས་དང་། མེ་ཏོག་ཕྲེང་བ་དང་། བྲུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་རྣམ་པ་དཔག་ཏུ་མེད་གྲངས་མེད་པས་བཅོམ་ལྡན་འདས་དེ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཐམས་ཅད་ཀྱིས
174b7 ལྷན་ཅིག་ཏུ་འཐུན་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཐམས་ཅད་ཀྱིས་ཉི་མ་གཅིག་ཏུ་སྐད་གཅིག་ཐང་ཅིག་ཡུང་ཙམ་གཅིག་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ།། དེ་ནས་དེ་དག་གིས
174b8 རིམ་གྱིས་བྱང་ཆུབ་སེམས་དཔའི་མྱོང་བ་སྤྱད་ནས། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་ཏེ། སྐད་ཅིག་ཡུད་ཙམ་གཅིག་ལ་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་བླ་ན་མེད་པ་ཡང་དག
iiif viewer powered by OpenSeadragon
174a - 175a