| | e-texts navigator
|
174a1 གྲངས་མེད་པ་དེ་སྐྱེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་ལྟར་མཉམ་པར་གྱུར་པ། རིན་པོ་ཆེ་སྣ་བདུན་གྱིས་ལེགས་པར་བརྒྱན་པ། གསེར་གྱིས
174a2 གཞིར་འདུག་ཅིང་མིག་མངས་རིས་སུ་བྲིས་པ། རིན་པོ་ཆེའི་ཤིང་ལྗོན་པས་ལེགས་པར་བརྒྱན་པ། སེམས་ཅན་དམྱལ་བ་དང་། དུས་འགྲོར་སྐྱེ་གནས་དང་། ཡི་དགས་དང་ལྷ་མ་ཡིན་གྱི་ཚོགས་རྣམས་མེད་པ། རྦྦ་དང་ཤིང་སྐམ་དང་།
174a3 མ་དང་།། རྡོ་དང་། གསགམ་དང་རྒྱ་མ་དག་མེད་པ། ངམ་གྲོག་དང་། གཡངས་མེད་པ། མེ་ཏོག་གིས་ལམ་དག་པ་ཐམ་པ་ཡིན་ཏེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་དཔལ་ཞེས་བྱ
174a4 ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔའ་མ་དྲན་གྱིས་ལྟས་པ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁགྲོ
174a5 སྐུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུ་གསེར་ལེགས་པར་བཅོས་ཤིང་ལེགས་པར་དུལ་བ་ལྟ་བུ། རིན་པོ་ཆེའི་རྒྱན
174a6 ལེགས་པར་བཀོད་པ་བཞིན་དུ་འཁོར་གྱི་ནང་ན་མཛེས་པར་བཞུགས་ཤིང་། ཐོག་མར་དགེ་བ། བར་དུ་དགེ་ག་ཐ་མར་དགེ་བའི་ཆོས་སྟོན་ཏོ།། འདི་སྐད་ཅེས་ཀྱང་སྟོན་ཏེ། འདི་ལྟར་སའི་ཁམས་མེད་པར་མི་འགྱུར་རོ།། དེ་བཞིན་དུ
174a7 ཆུའི་ཁམས་དང་། མེའི་ཁམས་དང་རླུང་གི་ཁམས་དང་། སྐྱེ་དགུའི་བདག་པོ་ཚངས་པ་དང་། གཟུགས་དང་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་སྟོན་ཏོ།། རིགས་ཀྱི་བུ་འམ་རགས་ཀྱི
174a8 བུ་མོ་ཡང་རུང་དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ཆོས་རིན་པོ་ཆེ་བླ་ན་མེད་པ་ཡང་ཐོབ་པར་འགྱུར་རོ། ། གཞོན་ནུ་དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མ
iiif viewer powered by OpenSeadragon
173b - 174b