e-texts navigator
Collection
Volume
Page
Wylie

173a1 ལན་ཞེས་བྱང། དན་བཞི། གཤེགས་པ་ཐ་ས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ག་ལ་ཞེས་ཀྱ་གང་བརྣནས་ག་ལགནས། ང་ཆུ་སམས་དཔས་པན་རྦ
173a2 སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ། ། ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་མྱང་ངོ་།། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་དྲུང་དེའི་མཚན་རྫས་ན་བླན་མེད་པ
173a3 ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་མེ་ཏོག་སྐར་མི་དགེ་བའི་ཆོས་རྣམས་ཀྱིས་མ་དགོས་པར་མི་འགྱུར་རོ། ། གཞོན་ནུ་འདི་ནས་བྱང་ཤར་གྱི་ཕྱོགས་མཚམས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཐག
173a4 ཁྲིག་འབུམ་ཕྲག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་བདེ་ལྡན་ཞེས་བྱ་བ་ཞིག་ཡོད་དེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་ཞིང་ལག་མཐིལ་ལྟར
173a5 མཉམ་པར་གྱུར་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོས་རྣམ་པར་རོལ་པ་ཞེས
173a6 བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ།། ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བ་ནས
173a7 སྔ་མ་བཞིན་དུ་སྦྱར་རོ། ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་རུང་། དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཚུལ་ཐམས་ཅད་ལ་མཁས
173a8 ཤིང་ཕ་རོལ་དུ་ཕྱིན་པའི་ཤེས་པ་ཡང་ཡོངས་སུ་འཛིན་པར་འགྱུར་རོ་གཞོན་ནུ། འདི་ནས་འོག་གི་ཕྱོགས་ན་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཡངས་པ




iiif viewer powered by OpenSeadragon

172b - 173b

Texts on this page

Q831 - 'phags pa rin chen zla bas zhus pa zhes bya ba theg pa chen po'i mdo