e-texts navigator
Collection
Volume
Page
Wylie

172b1 ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། ། གཞོན་ནུ་འདི་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དེ་སྙེད
172b2 འདས་པ་ན་འཇིག་རྟེན་གྱི་ཁམས་ཏོག་དང་ལྡན་པ་ཞེས་བྱ་བ་ཞིག་ཡོད་དེ། ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ།། དེ་ན་དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
172b3 ཆས་རིན་པོ་ཆེའི་མཆོད་སྡོང་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚལ་གཞེས་ཏེ། བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔའ་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ།། ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད
172b4 བར་མི་འགྱུར་རོ་ཞེས་བྱ་བའི་བ་དུ་སྔམ་བཞིན་དུ་སྦྱར་རོ། ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་དུང་དེའི་མཚན་པོས་ན་ཐན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་འཇིག་རྟེན་ན་ནས
172b5 ཚེསྟེར་མངོན་པར་འཕགས་པར་འགྱུར་རོ། ། གཞོན་ནུ་འདི་ནས་ནཔ་བྱང་གི་ཕྱོགས་མ་ཚས་རྒྱསངས་རྒྱས་ཀྱི་ནིང་བྱེ་བ་ཁྲག་ཅིག་འཇམ་ཐག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྒྲ་ལྡན་ཞེས་བྱ་བ་ཞིག་སོད་དེ།
172b6 ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞེས་བྱ་བ་ནས་སྔམ་བཞིན་དུ་སྦྱར་རོ།། ཞོན་ནུ་དེ་ལ་ཇི་སྙམ་དུ་སེམས་ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་སྒྲ་དང་ལྡན་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་མས་དེ་སྒྲ་འདི་ལྟ་བུ་དང་ལྡན་སྟེ། འདི
172b7 ལྷ་སྟེ། ། སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སླདག་། སྟོང་པ་ཉིད་ཀྱི་སྒྲ་དང་། མཚན་མ་མེད་པའི་སྒྲ་དང་། སྨོན་པ་མེད་པའི་ས་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་།
172b8 ཤེས་རབ་ཀྱི་སྒྲ་དང་། རྣམ་པར་གྲོལ་བའི་སྒྲ་དང་། རྣམ་པར་གྲོལ་བ་ཡེ་ཤེས་གཟིགས་པའི་སྒྲ་རྣམས་དང་ལྡན་ནོ།། ཞོན་ནུ་འཇིག་རྟེན་གྱི་ཁམས་དེ་སྦལ་བུ་དག་དང་ལྡན་པས་ན་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་སྤ་དང




iiif viewer powered by OpenSeadragon

172a - 173a

Texts on this page

Q831 - 'phags pa rin chen zla bas zhus pa zhes bya ba theg pa chen po'i mdo