| | e-texts navigator
|
170a1 ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླབ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། གཞོན་དུ་ལེགས་སོ་ལགས་སོ།། གནོན་ནུ་ཁྱོད་འདི་ལྟར་རྒྱ་བ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་བ
170a2 ལ་བདེ་བའི་ཕྱིར་དང་འཇིག་རྟེན་ལ་སྙིང་རྩེ་བ་དང་། སྐྱེ་བོའི་ཚོགས་ཕལ་པོ་ཆེའི་དོན་དང་། ལྷ་དང་། མི་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར་ཞུགས་པ་དང་། ད་ལྟར་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
170a3 རྣམས་ཡོངས་སུ་བཟུང་བའི་ཕྱིར་ཞུགས་ཏེ། གཞོན་ནུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་ཞུ་བར་སེམས་པ་ལེགས་སོ།། གཞོན་ནུ་ཁྱོད་ཀྱི་ཞུ་བ་བཟང་སྟེ་སྤོབས་པ་དགེའོ།། དེའི
170a4 ཕྱིར་གནོན་ནུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། ། སེམས་རྩེ་གཅིག་ཏུ་རྣ་བླགས་ཏེ་སེམས་སྡུས་ལ་སོམས་ཤིག་དང་། དོན་དེ་ངས་ཁྱོད་ལ་བཤད་དོ།། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་བྱེའུ་རིན
170a5 ཆེན་ཟླ་བས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་དེ་སྐད་ཅེས་བཀའ་སྩལ་ཏོ།། གཞོན་ནུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང
170a6 བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད། བསམ་གྱིས་མི་ཁྱག། གཞལ་དུ་མེད་པ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ཞེས་བྱ་བ་ཞིག་ཡོད་དོ།། འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ཞེས་བྱ་བ་དེ་སངས་རྒྱས་ཀྱི་ཞིང
170a7 དཔག་ཏུ་མེད་པ་ཇི་སྙེད་ཅིག་འདས་པན་ཡོད་ཅེ་ན། ཞོན་ནུ་དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྲིད་པའི་རྩེ་མོའི་བར་དུ་བྱེམས་ཡོངས་སུ་གང་བར་འགྱུར་ལ། དེ་ནས་མི་ལ་ལ་ཞིག་གིས་བྱེ་མ་དེ་ལས་འབྲུ
170a8 ར་ཨེ་རེ་ནས་བླངས་ཤིང་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་རེརེ་བྱེ་མ་འབྲུར་འཇོག་པར་བྱེད་པ་དེ་ལྟ་བུའི་ཚུལ་གྱིས་བྱེམ་དེ་ཐམས་ཅད་ཤར་ཕྱོགས་སུ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་གྱུར་ཀྱང་སངས་རྒྱས་ཀྱི་ཞིང་ངོ
iiif viewer powered by OpenSeadragon
169b - 170b