| | e-texts navigator
|
14a1 ཐུས་བཅས་གསོན་ད་ལགས་ཤཱག་མ་ག།། རྣམཚན་པ་བན་དུ་བབ་པ་མེད།། དེ་ཝང་དག་རྒྱང་ནབ་མ་ཆགགསྟོང།། མས་འད་པ་ནན་ད་བྱ་མ།། དས་པ་ཀུན་པ་སྡུག་འཛིན་ཅིཡང་མེད།།
14a2 པ་རྣམས་ལ་ཕངས་ཤིང་བྱིས་པས་སྤང།། འདིས་ནི་ཆོས་འདོད་གང་ཡིན་ཤེས་པར་བྱ།། དེ་ཡིས་ཕྱིར་ན་རྒྱལ་པོ་ཆེས་འདོད་པ།། འདི་ཐོས་ནས་ནི་སྒྲུབ་པ་དག་པ་ཡིས།། སྨྲས་པ་ཙམ་དང་ཐོས་ལ་གནས་མ་བྱེད།། བསམ་པ་ཉམས་པ
14a3 ལ་ནི་ཤེས་རབ་མེད། ། ཟབ་མོ་བཟོད་ལ་མོས་པ་གང་ཡིན་དེ།། སྡུག་དང་མི་སྡུག་རྣམས་ལ་ཆགས་པ་མེད།། དེ་དག་དྲུང་ལྟར་ཆགས་པ་མེད་པ་ཡང་།། བསྐལ་པ་བརྒྱ་གྲངས་མཐའ་ཡས་སྤྱོད་པར་འགྱུར།། རྒྱལ་པོ་གལ་ཏེ་བྱང
14a4 ཆུབ་ཁྱོད་འདོད་ན། ། ལྷག་པའི་བསམ་པས་བསམ་པ་སྤྱད་པར་གྱིས།། བདག་དང་བདག་གི་སྙམ་པའི་ང་རྒྱལ་གྱིས།། གནས་འདིར་ཕྱིན་ཅི་ལོག་ཏུ་གནས་མ་བྱེད།། ཁྱོད་ཀྱིས་ཉེས་པ་རྟག་ཏུ་བཤགས་པར་གྱིས།། ཁྱོད་ནི་འཐུན
14a5 པའི་སྡོམ་ལ་གནས་པར་གྱིས། ། དབང་ཕྱུག་དང་ནི་གཉེན་ལ་མི་རྟག་སེམས།། རྟེན་པ་མེད་པ་འདི་ནི་ཡང་དག་སྟོང་།། སྟོང་པའི་ཆོས་རྣམས་མང་པོ་ཇི་སྙེད་སྨྲ།། སྟོང་ཉིད་ཇི་བཞིན་དེ་ལ་གནས་པ་མིན།། ཆོས་ཉིད་ལས་ནི་གང་གིས
14a6 འགལ་བྱས་པ། ། དེ་ནི་ཟབ་མོའི་ཚུལ་ལ་བཟོད་པ་མིན།། དེ་ཕྱིར་སྟོང་པ་འདི་ནི་ཀུན་ཏུ་འགལ།། སྟོང་ཉིད་ཇི་བཞིན་དེ་ནི་གང་གིས་ཤེས།། དེ་ནི་ངང་པའི་རྒྱལ་པོས་རྫབ་སྤངས་བཞིན།། ཁམས་ལས་ངེས་བྱུང་བྱང་ཆུབ་མཆོག་ལ་རེག། དེ།།
14a7 བཞིན་གཤེགས་ལ་གུས་པར་བྱས་ནས་ཀྱང་།། རྒྱལ་པོ་ཁྱོད་ཀྱིས་བསྟན་པ་བརྟག་པར་གྱིས།། རྒྱལ་པོ་ལུས་ནི་རབ་ཏུ་འཇིག་པའི་ཕྱིར།། བྱང་ཆུབ་ཐེག་པ་ལ་ནི་ཡི་མཆུང་།། སྟོན་པའི་བསྟན་བཅོས་སྤྱོད་ཡུལ་ཆོ་ག་ཤེས།། མཐ
14a8 པ་དེ་དག་ལ་ནི་རྟག་ཏུ་སྲུངས། ། སྨྲ་བ་ཙམ་གྱི་དབང་དུ་མ་འགྲོ་ཤིག། ནང་པ་རྒྱུན་རིངས་པོར་ནི་གྱུར་ཏ་རེ།། གང་གིས་བསྟན་པ་འདི་ནི་ལེགས་བརྟགས་པ།། དེ་ནི་དོན་དུ་སྲུང་བའི་རྒྱུ་ལ་སྒྲིམས།། ལས་དང་ཉོན་མོངས་སྣ་ཚོགས
iiif viewer powered by OpenSeadragon
13b - 14b