e-texts navigator
Collection
Volume
Page
Wylie

148a1 དེའི་སླད་དུ་ཐུགས་བརྩེ་བར་དགོངས་ཏེ། ལས་དང་པོ་པའི་བྱང་ཆུབ་སེམས་དཔས་དེ་ཀ་རབརྩི་བ་དང་། ཇི་ལྟར་གནས་པར་བགྱི་བ་དང་། དེ་ལྟར་བསྒྲུབ་པར་བགྱི་བ་བཅོམ་ལྡན་འདས་ཀྱིས་བདག་ལ
148a2 སྦྱར་ལེགས་པར་བསྟན་དུ་གསོལ། དེ་གད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་གྱི་བྱེད་པ་ལ་དབྱིག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚོང་དཔོན་གྱི་བུ་ལེགས་སོ་ལེགས་སོ།། ཁྱོད་ཀྱི་རྟོག་པ་མཛེས་སོ།།
148a3 སྤོབས་པ་དགེའོ།། ཚོང་དཔོན་གྱི་བུདེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ཇི་ལྟར་བྱ་བ་དང་། ཇི་ལྟར་གནས་པར་བྱ་བ་དང་། ཇི་ལྟར་བསྒྲུབ་པར་བྱ་བ་ངས་ཁྱོད་ལ་བཤད
148a4 དོ། ། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ་ཚོང་དཔོན་གྱི་བུ་དཔལ་དབྱིག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚོང་དཔོན་གྱི་བུ་ལས་དང་པོ་པའི་བྱང་ཆུབ
148a5 སེམས་དཔས་ནི་ཉིན་ཅིག་བཞིན་དུ་སྙིང་ཐག་པ་རུས་པའི་ཁོད་ནས་ཡིད་ལ་བྱས་ཏེ་སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་དུས་གསུམ་དུ་དཀོན་མཆོག་གསུམ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་མི་གཏང་བར་བྱའོ།།
148a6 ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་སྙིང་ཐག་པ་ཅས་པའི་ཁོད་ནས་ཡིད་ལ་བྱས་ཏེ་སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་དུས་གསུམ་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ
148a7 བའི་ཡིད་དམ་མི་གཏང་བར་བྱའོ། ། ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་སྙིང་ཐག་པ་རུས་ལའི་ཁོད་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་འཇིག་རྟེན་གྱི་ཁམས
148a8 ཐམས་ཅད་དུ་དཀོན་མཆོག་གསུམ་གྱིས་མི་སྟོངས་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དཀོན་མཆག་གསུམ་བསྐལ་པ་དུ་མར་གནས་པར་དུས་གསུམ་དུ




iiif viewer powered by OpenSeadragon

147b - 148b

Texts on this page

Q829 - 'phags pa dpal dbyig gis zhus pa zhes bya ba theg pa chen po'i mdo