| | e-texts navigator
|
147a1 གྱུར་པས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་སོ་ཞེས་གོ་བར་མཛད་དོ། ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དགའ་བ་དང་། མགུ་བ་དང་། ཡིད་རངས་པ་དང་།
147a2 རབ་ཏུ་དགའ་བ་དང་། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པ་བྱས་ཏེ་རང་རང་གི་གནས་སུ་དོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།
147a3 བྱང་ཆུབ་སེམས་དཔའ་བྱམས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་ལྷའི་བུ་རབ
147a4 རྩལ་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ། ། ། རྒྱ་གར་གྱི་མཁན་པོ་པྲཛྙཱ་པར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བ་ན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ
147a5 པ། །
147a6 རྒྱག་དསྐདདྱ། ཨཱདྱ་ཤྲཱི་བ་སུ་པ་བྲིཙྪནཱ་མ་མཧཱ་ཡཱན་སཱུ་ཏྲ། བོ་སྐ་། འཕགས་པ་དཔལ་དབྱིག་གིས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅན
147a7 ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བཱ་ན་སྨིན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་དང་ཐབས་གཅིག
147a8 བཞུགས་ཏེ། དེ་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་ཅེས་བྱ་བ་བཱརཱ་ནཱ་སཱིའི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། བཅོམ་ལྡན་འདས་གའ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ
iiif viewer powered by OpenSeadragon
146b - 147b