| | e-texts navigator
|
12a1 སློང་རབ་འབྲིང་ཐ་མ་རྣམས་ལ་འཁྲུལ་པ་མི་ཚལ་བདང་། སོང་པ་ཉིད་ལ་མོས་པ་དང་། ལུས་ཀྱི་ལས་ཡོངས་སུ་དག་པ་དང་། ངག་གི་ལས་ཡོངས་སུ་དག་པ་དང་། ཡིད་ཀྱིལས་ཡོངས་སུ་དག་པས་བཅུ་པོད
12a2 དག་ཡིན་ནོ། ། རྒྱལ་པོ་ཆེན་པོ་ཆོས་དང་པོ་འདི་དང་ལྡན་པའི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི་ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་ཐོབ་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་རིགས་སྤྱི་བོ་ནས་དབང
12a3 སྐུར་བའི་རྒྱལ་པོ་ནི་ཆོས་འདོད་པ་ཡིན་ཏེ། རྒྱུན་མི་འཆད་པར་འཕགས་པ་རྣམས་མཐོང་བར་འདོད་པ་དང་། ཐོས་པ་ཚོལ་བ་ལ་ཆོག་མི་ཤེས་སོ།། དེའི་མང་དུ་ཐོས་པ་དེ་ཡང་སེམས་ཀྱིས་ཤིན་དུ་བརྟགས་པ་དང་། མཐོང་བས
12a4 ཤིན་དུ་རྟོགས་པ་ཡིན་ནོ། ། རྒྱལ་པོ་ཆེན་པོ་ཡན་ལག་བཅུ་དང་ལྡན་ན་ཆོས་དང་ལྡན་པའི་རྒྱལ་པོར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་འདོད་པས་ལུས་ལ་མི་ལྟ་ཞིང་སྲོག་ལ་མི་ལྟ་བ་དང་། འཁོར་བ་ལ་སྐྱོ་བའི་ཡིད་དང
12a5 ལྡན་པ་དང་། ཁྱིམ་ན་གནས་པ་ལ་སྐྱོན་མང་བར་སེམས་པ་དང་། དངོས་པོ་ཐམས་ཅད་ལ་མི་ལྟ་བའི་ཡིད་དང་ལྡན་པ་དང་། སྔོན་མངོན་པར་འདུས་བྱས་པའི་ལས་ཀྱི་ནང་ནས་སྡིག་པའི་ལས་ལ་སྨོད་ཅིང་མ་འོངས་པ་མངོན་པར
12a6 འདུ་མི་བྱེད་པ་དང་། སྡུག་པ་དང་མི་སྡུག་པ་རྣམས་ལ་ངེས་པར་སེམས་པའི་ཡིད་དང་ལྡན་པ་དང་། བསམ་པ་ཐག་པ་ནས་སྒྲུབ་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྫོགས་པར་བྱེད་དེ། ཚིག་ལྷུར་ལེན་པར་མི་བྱེད་པ་དང་། ཡེ
12a7 ཤེས་ཡོངས་སུ་ཚོལ་བས་དམ་བཅས་པ་ལ་བརྟན་པ་དང་། རང་གི་གཡོག་འཁོར་བྱང་ཆུབ་ཡང་དག་པར་འཛིན་ཏུ་འཇུག་ཅིང་རྒྱུན་མི་འཆད་པར་དེ་དག་ཆོས་ཀྱི་སྦྱིན་པས་ཡོངས་སུ་སྨིན་པར་བྱེད་ལ། དེ་དག་གི་ཟང་ཟིང་ཡང
12a8 སྡུད་པར་བྱེད་པ་སྟེ་བཅུ་པོ་དེ་དག་ཡིན་ནོ། ། རྒྱལ་པོ་ཆེན་པོ་ཆོས་གཉིས་པོ་འདི་དང་ལྡན་པའི་རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་པའི་རྒྱལ་པོ་ནི་ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་ཐོབ་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་གཞན་ཡང
iiif viewer powered by OpenSeadragon
11b - 12b