e-texts navigator
Collection
Volume
Page
Wylie

96a1 བློ་གྲོས་རྒྱ་མཚོ་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེ་འཁོར་དང་བཅས་པ་ལ་བར་གྱི་བསྐལ་པ་གཉིས་ཀྱི་བར་དུ་རུང་བ་ཁ་ན་མ་ཐོ་བ
96a2 མེད་པ་དགེ་སྦྱོང་དང་འཐུན་པ་ཡིད་དུ་འོང་བའི་གོས་དང་། ཟས་དང་མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་སྤྱན་དྲངས་པར་གྱུར་ཏོ།། རྒྱལ་པོ་དེས་བཅོམ་ལྡན་འདས་དེ་ལ་མཆོད་པའི་ལས་ཀྱི་ཕྱིར།
96a3 འཁོར་གྱི་ཁྱམས་ཡངས་ཤིང་ཐ་གྲུ་ཆེ་བ། མཆུ་ཞེར་དཔག་ཚད་ལྔ་འབུམ་ཡོད་པ། ས་ཕྱོགས་ནོར་བུ་རིན་པོ་ཆེ་བཻ་དཱུརྱས་སྤྲས་པ། རིན་པོ་ཆེ་སྣ་བདུན་གྱི་ཕྱི་རས་བསྐོར་བ། ཙན་དན་དམར་པོ་དང་། ཙན་དན་སྦྲུལ་གྱི་སྙིང་པོ
96a4 གཤིབས་ཏེ་སྦྱར་བ་སྣ་ཚོགས་བལྟ་ན་སྡུག་པ། ལྷའི་གཞལ་མེད་ཁང་འདྲ་བར་བྱས་སོ།། གཞན་ཡང་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་སྤྱད་པའི་ཁང་པ་བརྩེགས་པ་ས་ཡ་བྱས་སོ།། བློ་གྲོས་རྒྱ་མཚོ་དེ་ལྟར
96a5 རྒྱལ་པོ་ཡུན་ཤིན་ཏུ་རྣམ་པར་དག་པ་ལས་གང་གཞན་མི་བྱེད་པར་རྒྱུན་དུ་ཚངས་པར་སྤྱད་པ་ཡང་དག་པར་བླངས། བསླབ་པའི་གནས་ལྔ་ཡོངས་སུ་བཟུང་སྟེ། བཙུན་མོའི་འཁོར་དང་བཅས་རང་གི་སྐྱེ་བོ་དང་བཅས
96a6 གཡོག་འཁོར་དང་བཅས་པས་བར་གྱི་བསྐལ་པ་གཉིས་སུ་བཅོམ་ལྡན་འདས་དེ་ལ་བསྙེན་བཀུར་བྱས་ནས་པར་གྱི་བསྐལ་པ་དེ་གཉིས་འདས་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་གཟོར་སྣང་བ་མཐའ
96a7 ཡས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་ཀྱང་རྒྱལ་པོ་ཡུལ་ཤིན་ཏུ་རྣམ
96a8 པར་དག་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་གཟེར་སྣང་བ་མཐའ་ཡས་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐོག་པ་ཆེན་པོ་ལ་གཞན་གྱི་དྲིང་མོ




iiif viewer powered by OpenSeadragon

95b - 96b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo