| | e-texts navigator
|
94a1 བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཇི་ལྟར་བདག་གིས་འཚལ་བ་ལྟར་ན། བཅོམ་ལྡན་འདས་བདག་འདི་སྙམ་བགྱིད་དེ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
94a2 ཡོངས་སུ་དག་པ་རྣམས་ཀྱི་བྱང་ཆུབ་ནི་ཀུན་ཏུ་འགྲོ་བ་སྟེ། བཅོམ་ལྡན་འདས་དེ་དག་གི་བྱང་ཆུབ་མ་ལགས་པའི་ཆོས་གང་ཡང་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ
94a3 རྟོགས་པ་ནི་བྱང་ཆུབ་པོ། ། བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་བྱང་ཆུབ་ལ་རིང་བའི་འདུ་ཤེས་མི་བགྱིའོ།། ཡུལ་དྲུག་པོ་དག་གི་ནང་ནས་ཆོས་གང་དེ་ལ་སྣང་བར་འགྱུར་བ་དེ་ཉིད་ཡང་དག་པ་ཇི་ལྟ་བ
94a4 བཞིན་དུ་རྟོགས་པ་ནི་བྱང་ཆུབ་པོ། ། བཅོམ་ལྡན་འདས་དེ་ལྟར་མོས་པའི་བྱང་ཆུབ་སེམས་དཔའ་ནི་ཐབས་ལ་མཁས་པ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དག་པ་ཐོབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ
94a5 སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བློ་གྲོས་རྒྱ་མཚོ་ལགས་སོ་ལེགས་སོ།། དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ། ཡུལ་དྲུག་པོ་དག་གི་ནང་ནས་ཆོས་གང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་།
94a6 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་རྣམས་ལ་སྣང་བར་འགྱུར་བ་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་བྱང་ཆུབ་སྟེ། བློ་གྲོས་རྒྱ་མཚོ་ཚོས་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱའོ།། བློ་གྲོས་རྒྱ་མཚོ་ལྡན
94a7 བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ཤིན་ཏུ་རྒྱས་པ་ཚད་མེད་པ། བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་སྐར་མདོག་གི་བསྐལ་བ་ལ་ཤིན་ཏུ་སྤྲུལ་པའི་འཇིག
94a8 རྟེན་གྱི་ཁམས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་གཟེར་སྣང་བ་མཐའ་ཡས་ཤེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན
iiif viewer powered by OpenSeadragon
93b - 94b