e-texts navigator
Collection
Volume
Page
Wylie

8a1 བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་བརྒྱན་པར་བྱ་བ་དང་། བདག་ཉིད་ཀྱི་ཤེས་རབ་དང་། སྤོབས་པའི་སྟོབས་ཉེ་བར་བསྟན་པའི་ཕྱིར་པད་མ་དང་ལྷན་ཅིག་སེང་གེའི་ཁྲི་དང་ལྷན་ཅིག་ཏུ་སྟེང་གི་བར་སྣང
8a2 ལ་ཤིང་ཏ་ལ་འདུན་སྲིད་ཙམ་ན་འདུག་སྟེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། ཁྲག་ཁྲིག་སངས་རྒྱས་ཞིང་རྡུལ་སྙེད་ཀྱི་ཞིང་རྣམས་འདས་པའི་འོག་ལོགས་ན།། རྫོགས་པའི་བྱང་ཆུབ་སེམས་དཔའི་གནས་ཞིང
8a3 ཡོན་ཏན་ཀུན་ལྡན་རབ་མཛེས་པ། ། དེ་ན་འདྲེན་པའི་བསྟན་པ་རྒྱ་མཚོ་བློ་ཐུགས་མཚུངས་པ་མེད་བཞུགས་སྟེ།། དེར་ནི་བདག་གིས་ཐུབ་པའི་ཆོས་ཐོས་གྱུར་ཏེ་ཐོས་ནས་དེ་བཞིན་བཟུང་།། བདག་ནི་སྟོབས་བཅུ་ལྡན
8a4 ལ་བལྟ་བར་བགྱི་དང་དེ་བཞིན་ཕྱག་བགྱི་དང་། ། བྱང་ཆུབ་སེམས་དཔའ་ཁྱུ་མཆོག་འདི་རྣམས་ཕན་ཚུན་དྲི་སླད་འདིར་མཆིས་ཏེ།། སྐྱོབ་ལ་ཕྱག་བགྱི་བས་ནི་ཆོས་རྒྱལ་མཚུངས་མེད་ཁྱོད་ལ་འདིར་ཕྱག་འཚལ།། སངས
8a5 རྫས་མཆོད་པ་གང་ལགས་རྒྱ་ཆེན་ཤིན་ཏུ་རྒྱས་པས་མཆོད་པ་འཚལ། ། གང་གི་གཟུགས་ལ་གཟུགས་སུ་མི་རྟོག་ཚོར་བ་འདུས་བགྱིས་མ་ལགས་ཤིང་།། རྣམ་པར་ཤེས་པའང་ཚེར་གསུམ་བཞིན་དུ་རྟག་པར
8a6 ཤིན་དུ་རྣམ་དག་སྟེ། ། གང་ཞིག་འདྲེན་ལ་མཚན་དུ་མ་ལགས་སྐྱེས་དང་རིགས་སུ་མ་ལགས་རྟོག། མིག་ལྡན་ངེས་ནི་ཆོས་ཀྱི་རྒྱལ་པོ་དྲི་མེད་ཡང་དག་དོན་དུ་མཐོང་།། བདག་གམ་བདག་མེད་ཅེས་པའི་མཐའ་དེ་གཉི
8a7 ག་མི་ལེན་མི་འདོར་ཏེ། ། ནང་དུ་གྱུར་བཞི་ཞིང་ཐུགས་ཀྱང་ཞི་སྟེ་ཕྱི་རོལ་རྒྱུག་མི་མངའ།། མི་རྟོག་རྣམ་མི་རྟོག་ཅིང་རྟོག་བྲལ་ཐུབ་པའི་ཐུགས་ནི་ནམ་མཁའ་འདྲ།། དེས་ནི་ཕྱོགས་བཅུའི་བདེ་གཤེགས་ཆོས་ཀྱི
8a8 རྒྱལ་མཚན་གསལ་མཛད་རྣམས་ལ་མཆོད། ། གང་བློ་སྦྱིན་པ་རྣམས་ལ་འདི་ནི་སྦྲུ་མ་ལེན་པ་སྟོང་པ་ཉིད།། གཡོ་བ་མེད་པའི་ཡིད་ཀྱིས་ནོར་རྣམས་དེ་དག་རེ་བ་མེད་པར་གཏོང་།། བྱང་ཆུབ་དོན་དུ་ངེས་ཀྱི་ལྟ་བར




iiif viewer powered by OpenSeadragon

7b - 8b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo