e-texts navigator
Collection
Volume
Page
Wylie

88a1 གྲོས་རྒྱ་མཚོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཇི་ལྟར་བྱང་ཆུབ་སེམས་དཔའ་མཉམ་པར་གཞག་པ་ལས་ལངས་ཀྱང་རུང་སྟེ། ། དགེ་བའི་རྩ་བ་རྣམས་སྔོན་ཤིན་ཏུ་འཕངས་པ་དང་། སེམས་ལས་སུ་རུང་བ་དང་། དྲན་པ
88a2 མེ་གཡེང་བ་དང་། ཐེག་པ་དམན་པ་དང་བྲལ་བ་དང་། ཐེག་པ་ཆེན་པོར་སྨོན་ལམ་བཏབ་པའི་ཕྱིར་དགེ་བའི་རྩ་བ་རྣམས་བརྒྱ་ལ་མན་ཡང་ཐམས་ཅད་མཁྱེན་པར་ཡོངས་སུ་མི་བསྔོ་མི་སྲིད་པར་འདི་ལྟར་རིག་པར་བྱའོ།། བློ་གྲོས་རྒྱ
88a3 མཚོ་འདི་ལྟ་སྟེ་དཔེར་ན། ཕུལ་ཆེན་པོ་ཞིག་ན་ཤིང་ཞིག་སྐྱེས་པར་གྱུར་ལ་དེ་མི་ཞིག་གིས་རྩ་བ་ནས་གཅད་པར་བརྩམས་ནས་དེ་ཚད་མ་ཐག་ཏུ་གང་དུ་ཡོ་བ་དང་། གང་དུ་ཕྱོགས་པ་དེར་འགྱེལ་ལོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱུང
88a4 ཆུབ་སེམས་དཔའ་ཡང་ཡུན་རིང་པོ་ནས་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ། ། ཐམས་ཅད་མཁྱེན་པ་ཉིད་ལ་འབབ་པས་དགེ་བའི་རྩ་བ་ཐམས་ཅད་སོགས་ཏེ་བསགས་ནས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱེད། སེམས
88a5 ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་ཡོངས་སུ་བསྔོ་བར་བྱེད། དཀོན་མཆོག་གསུམ་གྱི་རིགས་མི་གཅད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད། ལུས་ཀྱི་རྒྱན་དང་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར
88a6 ཡོངས་སུ་བསྔོ་བར་བྱེད། ཚིག་གི་རྒྱན་དང་ཆོས་བསྟན་པ་དོན་ཡོད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད། སེམས་ཀྱི་རྒྱན་དང་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ལས་མི་གཡེང་བར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དེ་བསྒྲིམ་པ
88a7 མེད་ཅིང་ལྷུན་གྱིས་གྲུབ་པར་དགེ་བའི་རྩ་བ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོའོ། ། སྔོན་ཐབས་ལ་མཁས་པས་ཡོངས་སུ་བསྔོས་པ་དེས་ཐེག་པ་གཞན་དུ་མི་ལྟུང་ཞིང་མཉམ་པར་གཞག་ཀྱང་རུང་ལངས་ཀྱང་རུང་སྟེ། བརྒྱ
88a8 ལམ་ན་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་པ་ཡོངས་སུ་རྫོགས་པར་མི་འགྱུར་མི་སྲིད་དོ། ། ཐོ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། དགེ་སློང་འགོག་པ་ལ་སྙོམས་པར་འཇུག་པའི་ཚིག་དྷའི་སྦལ་གནས་པར་བྱས་ཏེ་སྙོམས་པར་ཞུགས




iiif viewer powered by OpenSeadragon

87b - 88b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo