e-texts navigator
Collection
Volume
Page
Wylie

85a1 གཤེགས་སུ་ནི་སྐུ་མ་ལགས་པར་མཐོང་། ། ཁྱོད་ཀྱི་ཐུགས་ནི་རྣམ་རྟོག་མི་འགྱུར་བ།། ཁྱོད་ནི་རྒྱ་ཆེན་གཟུགས་སྟོན་གཟུགས་མ་མཆིས།། ཕྱོགས་ན་རྒྱལ་བའི་ཞིང་རྣམས་ཇི་སྙེད་པ།། ཞིང་རྣམས་ཐམས་ཅད་ཞིང
85a2 འདིར་རབ་ཞུགས་ཀྱང་། ། ཞིང་འདིར་རྣམ་པར་འཕེལ་བ་མ་མཆིས་ལ།། དེ་ནས་མ་གཡོས་འཕོས་པའང་མཆིས་མ་ལགས།། སེམས་ཀུན་སེམས་མ་མཆིས་པས་མཉམ་པའི་སེམས།། སེམས་ནི་སྒྱུ་མར་འགྱུར་དང་རྟོག་མ
85a3 མཆིས། ། བྱང་ཆུབ་སེམས་ནི་མཉམ་ཉིད་ཐུགས་སུ་ཆུད།། དེས་ན་སངས་རྒྱས་མཉམ་པའི་ཆོས་ལ་གནས།། ཆོས་དབྱིངས་མཉམ་པའི་དབྱིངས་ལ་རབ་ཏུ་ཞུགས།། ཆོས་རྣམས་ཐམས་ཅད་དངོས་པོར་འཇུག་མ
85a4 མཆིས། ། དངོས་དང་དངོས་མེད་ཆགས་བྲལ་ཆགས་མཉམ་པ།། འགྲོ་བའི་དོན་མཛད་ཁྱོད་ལ་ཕྱག་འཚལ་ལོ།། གདུགས་དང་དགུང་ཟླ་དོག་སར་ལྷུང་ཡང་གདའ།། བསེར་མ་ཞགས་པས་གཟུང་དུ་རུང་ཡང་གདའ།། རི་རྒྱལ་ཁ་ཡི་དབུགས་ཀྱིས
85a5 གཏོར་དུ་རུང་། ། རྒྱལ་བའི་གསུང་ནི་ལོག་པར་གསུང་མི་མངའ།། ཡང་དག་ཁོ་ན་གསུང་ཅན་ཡོངས་སུ་དག། ཐུགས་དག་ནམ་མཁའ་འདྲ་བའི་ཐུགས་མངའ་བ།། འཇིག་རྟེན་ཆོས་དང་རྙེད་དང་སྲེད་པ་བསལ།། པད་མ་ལྟ་བུར་སྲིད་གསུམ་ཆག་ཡི་མང
85a6 བསྔགས་པའི་ཕྲེང་བ་གསན་ཀྱང་དགྱེས་མི་འགྱུར། ། སྨད་པ་གསན་ཀྱང་ཞེ་སྡང་ཡོད་མི་མངའ།། རི་རབ་ལྟ་བུར་ཡོངས་སུ་རྟོགས་ལས་གྲོལ།། འགྲོ་ལ་བདེ་སྩོལ་ཁྱོད་ལ་ཕྱག་འཚལ་ལོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི
85a7 བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས། ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་རིན་པོ་ཆེ་བྱུང་བའོ།། བཅོམ་ལྡན་འདས་བྱུང་བ་ནི་བདེན་པ་བྱུང་བའོ།། དྲན་པ་བྱུང
85a8 བའོ། ། བློ་གྲོས་བྱུང་བའོ།། རྟོགས་པ་བྱུང་བའོ།། ངོ་ཚ་ཤེས་པ་བྱུང་བའོ།། མོས་པ་བྱུང་བའོ།། སྦྱིན་པ་བྱུང་བའོ།། ཚུལ་ཁྲིམས་བྱུང་བའོ།། བཟོད་པ་བྱུང་བའོ།། བརྩོན་འགྲུས་བྱུང་བའོ།། བསམ་གཏན་བྱུང་བའོ།། ཤེས་རབ་བྱུང་བའོ།། བཅོམ་ལྡན




iiif viewer powered by OpenSeadragon

84b - 85b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo