e-texts navigator
Collection
Volume
Page
Wylie

84b1 ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་བོ། ། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་སྟེ་ཡིད་རངས་ནས་མངོན་པར
84b2 ཤེས་པའི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སངས་རྒྱས་ཀྱི་ཞིང་གང་དང་གང་ནས་ལྷགས་པ་དེ་དག་འདི་ལྟ་སྟེ། བཅོམ་ལྡན་འདས་ལ་མཆོད་པ་དང་ཆོས་ཀྱི་རྣམ་གྲངས་འདི་ཡང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི།
84b3 ཞིང་དེ་དག་མེ་ཏོག་དང་སྤྲོས་དང་ཕྲེང་བ་དང་བྱུག་པ་ཅི་འདྲུ་བ་ཡོད་པ་དེ་འདྲ་བའི་མེ་ཏོག་དང་སྤོས་དང་ཕྲེང་བ་དང་བྱུག་པ་དག་གི་ཆར་ཆེན་པོ་མངོན་པར་ཕབ་པོ།། དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་སྒྲ་སྐད
84b4 དང་ང་རོ་གཅིག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། གཟུགས་ཀྱི་མཚན་ཉིད་མཚན་གཞི་མེད་གཟིགས་པ།། མཚན་ཉིད་གཅིག་གིས་མཚན་གཞི་བྲལ་སྟོན་པ།། མཚན་ཀུན་མཚན་གཞི་མ་མཆིས་མཚན
84b5 གཞི་མཉམ། ། ཡང་དག་མཚན་གནས་ཁྱོད་ལ་ཕྱག་འཚལ་ལོ།། སེམས་ཅན་ཀུན་གྱི་སྐད་དང་སྒྲ་ལ་ཞུགས།། སྐད་ལ་ཞུགས་པའི་ཡེ་ཤེས་དེ་ལའང་ཞུགས།། སྒྲ་སྐད་དབྱངས་རྣམས་ཀུན་ལས་རྣམ་པར་གྲོལ།། སེམས
84b6 གྲོལ་མཉམ་པའི་སེམས་ལ་ཕྱག་འཚལ་ལོ། ། སེམས་ཀྱི་རྒྱུབ་རྒྱ་ཆེན་ཅི་མཆིས་པ།། སྒྱུ་མའི་སེམས་དང་མཉམ་ཉིད་ཐུགས་སུ་ཆུད།། རབ་ཏུ་མི་རྒྱུ་རྒྱུ་མཉམ་རྒྱུ་མི་མངའ།། མཁའ་འདྲའི་ཐུགས་དང་ལྡན་ལ་ཕྱག་འཚལ་ལོ།།
84b7 མཆིས་དང་མ་མཆིས་མཐའ་དང་མཐའ་མ་ལགས།། ཆོས་དང་ཆོས་མིན་ཡོངས་ཏོག་རྣམ་རྟོག་མཉམ།། སེམས་དང་ཡིད་རྣམས་ཐམས་ཅད་ཉེ་བར་ནི།། སེམས་ཡིད་ཞི་བར་གྱུར་ལ་ཕྱག་འཚལ་ལོ།། རྒྱུ་དང་རྐྱེན་དང་བྱ་བ
84b8 རྣམས་ཀྱང་མཁྱེན། ། རྒྱུ་ལས་བྱུང་བའི་རིམ་པའང་གསུང་བར་མཛད།། རྒྱུ་དང་རྐྱེན་ནི་རྣམ་གྲོལ་མཐའ་ཡས་ཏེ།། ཡང་དག་མཐའ་དང་མཉམ་པར་རབ་ཏུ་མཁྱེན།། འདིར་ནི་ཐམས་ཅད་མཉམ་པའི་གཟུགས་སུ་ཞུགས།། བདེ




iiif viewer powered by OpenSeadragon

84a - 85a

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo