e-texts navigator
Collection
Volume
Page
Wylie

80a1 ཚངས་པ་དང་།། འཁོར་ལོས་བསྒྱུར་དང་སྣོང་དང་གང་ཡང་སྲིད་གསུམ་ན།། ལྷ་དང་མི་ཡི་བདེ་སྐྱེད་སྐྱེད་པ་ཐམས་ཅད་འཐོབ།། ཐེག་པ་མཆོག་ལ་གནས་ནས་སེམས་ཞུམ་བརྒྱ་ལམ་མེད།། གོང་པ་མེད་ལ
80a2 པངས་ཤིང་ཕངས་པ་རྣམས་ཀྱང་གཏོང་། ། བྱིན་ནས་ཞུམ་པ་མེད་ཅིང་མིག་དང་མགོ་བཏང་ནས།། དགའ་ཞིང་བྱམས་པའི་སེམས་སུ་གྱུར་ཏེ་བྱང་ཆུབ་འགྲོ།། ཐེག་པ་མཆོག་ལ་གནས་ནས་དེ་ནི་སྐྱབས་འགྱུར་ཏེ།། ཚུལ་ཁྲིམས་ལྡན་ཞིང་ཚངས་པར
80a3 སྤྱོད་པས་ཡོངས་སུ་དག། ཚུལ་ཁྲིམས་བརྟུལ་ཞུགས་དཀའ་ཐུབ་ཀྱིས་ནི་ཉི་ཟླ་འགོག། སྲིད་པ་དང་ནི་གཟུགས་དང་ལོངས་སྤྱོད་འདོད་མི་འགྱུར།། མེ་སྙན་ཚིག་རྣམས་ཐོས་ཀྱང་མི་ཁྲོ་འཁྲུགས་མི་འགྱུར།། ལུས་ནི་རྣམ་པར་གཏོར་ཀྱང་སེམ
80a4 ཅན་རྗེས་སུ་བསྲུང་། ། བདག་ལུས་རྙེད་བླ་ཆོས་ཀྱི་རྒྱལ་སྲིད་རྙེད་དཀའ་སྙམ།། ཐེག་པ་མཆོག་གནས་བཟོད་པ་དག་པ་འདི་འདྲའོ།། བསྐལ་པ་བརྒྱ་ཕྲག་མཐའ་ཡས་ཇི་སྙེད་འཁོར་གྱུར་པ།། དེ་སྲིད་དུ་ཡང་ངན་སོང་རྣམས་སུ་འཁོར་བྱེད་ཅིང་།།
80a5 སེམས་ཅན་བསྒྲལ་བའི་ཕྱིར་ནི་བརྩོན་འགྲུས་སྟོབས་བསྐྱེད་དེ།། ཐེག་པ་མཆོག་ལ་གནས་པའི་བརྩོན་འགྲུས་མཐུ་འདི་འདྲ།། ཤིན་ཏུ་རབ་ཞི་མཉེན་ངེས་བསམ་གཏན་ཆོག་ཤེས།། འགྲོ་བ་རྣམས་ཀྱི་དོན་ཕྱིར་བྱམས་པའི་བསམ་གཏན་པ།།
80a6 བསམ་གཏན་བདེ་བ་དེ་ལ་ནམ་ཡང་མི་ཆགས་ཏེ།། དྲན་དང་ལྡན་པ་འདྲེན་པ་རྣམས་ལ་བལྟ་བར་འདོད།། ཆོས་རྣམས་ཐམས་ཅད་རྒྱུ་ལས་འབྱུང་ཞིང་སྟོང་པར་ཤེས།། དེ་ནི་བདག་དང་སེམས་ཅན་ཆོས་རྣམས་མི་དམིགས་ཏེ།། ལྟ་བ་ཡོངས་དག
80a7 ཤེས་རབ་ལྡན་ཞིང་སེམས་ཀྱང་དྲལ། ། ཐེག་པ་མཆོག་གནས་ཤེས་རབ་དག་པ་འདི་འདྲའོ།། གང་ཡང་བདེན་དང་ཚང་མེད་པ་དང་བསམ་གཏན་བཞི།། མངོན་ཤེས་ལྔ་དང་སངས་རྒྱས་ཀྱི་ནི་ཡང་དག་རིག། སྟོན་པ་བཞི་དང་ཆོས་ཀྱི་སྦྱིན་པ་དམ་པ
80a8 རྣམས། ། ཐམས་ཅད་སངས་རྒྱས་ཐེག་པ་དམ་པ་འདི་ལས་འབྱུང་།། གང་གིས་མི་དབང་སངས་རྒྱས་སེང་གེའི་སྒྲ་སྒྲོགས་པ།། སྟོབས་བཅུའི་སངས་རྒྱས་ཆོས་རྣམས་མཐའ་ཡས་གང་ཡིན་དང་།། སྨིན་མཚམས་སྤུ་དང་སྤྱི་གཙུག་བལྟར་ནི་མི




iiif viewer powered by OpenSeadragon

79b - 80b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo