e-texts navigator
Collection
Volume
Page
Wylie

7a1 བ་ལས་འདས་པ་དག་དང་ལྷན་ཅིག་ཏུ་ད་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། འདུས་པ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ་གྲངས་འདི་ལས་གཏམ་གྱི་རྒྱུད་འགའ་ཞིག་ཡོངས་སུ་དྲི་བའི
7a2 ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོང་བ་ཡིན་ཏེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆུས་ཡོངས་སུ་གང་བར་ཀུན་དུ་སྣང་བ་འདི་ནི་དེའི་རྣམ་པར་སྤྲུལ་པའི་བྱིན་གྱི་བརླབས་སོ།། གསོལ
7a3 པ། བཅོམ་ལྡན་འདས་ད་དུང་དུ་ཡང་འདུས་པ་ཆེན་པོའི་ལེའུ་ཡི་ཆོས་ཀྱི་རྣམ་གྲངས་འཆང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་དེ་བཞིན་གཤེགས་པའི་སྤོབས་པ་ལ་ནི་རྒྱུན་ཆད་པ་ཅུང་ཟད་ཀྱང་།
7a4 གང་གི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཅང་མི་གསུང་བར་གྱུར་པ་མཐོང་བ་དེའི་ཚེ་ན་ཡང་། ད་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་རྣམ་པར་ངེས་པའི
7a5 གཏམ་ཡང་དག་པར་རབ་ཏུ་སྟོན་ཏེ། ཚངས་པ་སངས་རྫས་ཀྱི་ཡུལ་ནི་དེ་ལྟར་བསམ་གྱིས་མི་ཁྱབ་བོ།། གསོལ་པ། བཅོམ་ལྡན་འདས་གང་འདི་ལྟ་བུ་འདི་རྣམ་པར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ
7a6 ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བགྱི་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཁྱོད་ཀྱིས་པད་མ་དཔག་ཚད་བཅུའི་ཁྱོན་ཙམ་ཡོད་པ་དེའི་དཀྱིལ་ན་པད་མའི་སྙིང་པོ་ལ་རིན་པོ་ཆེ་བཀོད་པའི
7a7 སེང་གེའི་ཁྲི་འཕང་དུ་ཤིང་ཏ་ལ་བདུན་ཙམ་པ་སྲོག་ཆགས་བྱེ་བ་ཕྲག་མང་པོས་ཕྱག་བྱས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ
7a8 ཁྱོད་ཀྱིས་སེང་གེའི་ཁྲིད་ལ་བྱང་ཆུབ་སེམས་དཔའ་ལས་གསེར་གྱི་ཁ་རོག་ཏུ་འདུག་པ། ལུས་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་འདུག་སྟེ། གང་དེ་བཞིན་གཤེགས་པའི་སྐུ་མ་གཏོགས




iiif viewer powered by OpenSeadragon

6b - 7b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo