e-texts navigator
Collection
Volume
Page
Wylie

76a1 དད་པས་མི་འདུན་པ་དང་། སྡིག་པའི་གྲོགས་པོ་དང་བསྟེན་པས་སྡིག་པ་ལ་མ་སྨོད་པ་དང་། ལེ་ལོས་དགེ་བའི་ཆོས་ཡོངས་སུ་འགྲིབ་པ་དང་། བག་མེད་པས་དགེ་བའི་རྩ་བ་བྱས་པ་རབ་ཏུ་འཇིག་པའོ། གཞན་ཡང་བཞི་སྟེ།
76a2 ནང་དུ་སོ་སོར་མི་རྟོག་པས་ངོ་ཚ་མེད་པ་དང་། སངས་རྒྱས་ལ་མི་རྟོག་པས་ཁྲེལ་མེད་པ་དང་། མཚམས་མེད་པ་དང་མཚུངས་པས་བྱས་པ་མི་གཟོ་བ་དང་། རེ་བས་བྱས་ན་མི་འཇིགས་པའོ།། གཞན་ཡང་བཞི་སྟེ། གནོད་སེམས་དང་།
76a3 ཁོ་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། རྣམ་པར་འཚེ་བའོ།། གཞན་ཡང་བཞི་སྟེ། འཕགས་པ་རྣམས་ལ་སླུ་བ་དང་། འཕགས་པ་མ་ཡིན་པ་རྣམས་ལ་རྗེས་སུ་མི་བསྲུང་བ་དང་། སྦྱིན་པ་པོ་རྣམས་ལ་བརྙས་པ་དང་། སྦྱིན་གྲནས
76a4 རྣམས་ལ་ཁྱད་དུ་གསོད་པའོ། ། གཞན་ཡང་བཞི་སྟེ། ལུས་ཀྱི་ལས་ཡོངས་སུ་མ་དག་པ་དང་། ངག་གི་ལས་ཀུན་ཏུ་མི་བསྲུང་བ་དང་། སེམས་ཀྱི་ལས་ཞུམ་པ་དང་། ཐེག་པ་ཆེན་པོ་ལ་སྒྱིད་ལུག་པའོ།། གཞན་ཡང་བཞི་སྟེ།
76a5 འདུམ་པ་རྣམས་ལ་དབྱེན་བྱེད་པ་དང་། སློབ་དཔོན་དང་མཁན་པོ་རྣམས་ལ་ཚིག་བརླང་པ་དང་། དགོས་པ་དོན་དུ་གཉེར་བ་རྣམས་ལ་ཚིག་ཀྱལ་པ་སྨྲ་བ་དང་། ལྷ་དང་མི་རྣམས་ལ་སླུ་བའོ།། གཞན་ཡང་བཞི་སྟེ། ཚུལ་ཁྲིམས་ཀྱི་ཕུང་།
76a6 པོ་ཀུན་ཏུ་མི་བསྲུང་བ་དང་། འཇིག་རྟེན་ཕ་རོལ་ལ་ལོག་པར་བརྗོད་པ་དང་། དགེ་བའི་རྩ་བ་རྣམས་འཇིག་པ་དང་། ཚོགས་བསགས་པ་རབ་ཏུ་འཇིག་པའོ།། གཞན་ཡང་བཞི་སྟེ། རྒོད་པའི་འཁོར་དང་།། ཁེངས་ཤིང་འདུས་པ་ལ་ཆགས
76a7 པ་དང་། མུ་ཅོར་སྨྲ་བས་ལྟུང་བ་ཤིན་ཏུ་འདའ་བ་དང་། ཚོལ་བའི་ཚིག་གིས་འཇིག་རྟེན་པའི་གསང་ཚིག་བརྗོད་པའོ།། གཞན་ཡང་བཞི་སྟེ། མི་བརྩོན་པར་དགོན་པ་ལ་གནས་པ་དང་། ཁོང་ཁྲོ་བ་མེད་ལ་འདྲེ་ཞིང་གནས་པ་དང་། དགེ
76a8 བའི་རྩབ་མ་སྐྱེད་པར་བསོད་ནམས་དང་ལྡན་པར་འདུ་ཤེས་པ་དང་། བྱང་ཆུབ་སེམས་དཔའི་མིང་གི་འཐོབ་པས་འཚོ་བའོ།། གཞན་ཡང་བཞི་སྟེ། མ་ཤ་མེད་པའི་སེམས་དང་། དམུ་རྒོད་ཀྱི་སེམས་དང་། མདུལ་བའི་སེམས་དང




iiif viewer powered by OpenSeadragon

75b - 76b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo