e-texts navigator
Collection
Volume
Page
Wylie

6a1 ལ་མཆོད་པ་འདི་ལྟ་བུ་འདི་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་འདུག་ནས
6a2 བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱ་མཚོའི་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པ་བཅོམ་ལྡན་འདས་ལ
6a3 གནོད་པ་ཆུང་ངམ། ཉམ་པ་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྤྱན་གསོལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་བཅོམ
6a4 ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་སླར་རང་རང་གི་སྟན་ལ་འཁོད་དོ།། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ་ཞེས་བྱ་བ་མྱ་ངན་མེད
6a5 པའི་གླིང་བཞི་པ་ཆེན་པོ་ན་གནས་པ། ཚངས་པའི་འཇིག་རྟེན་ན་འདུག་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟ་བུ་ཡང་མཐོང་། པད་མ་རྣམ་པར་བཀྲ་བ།
6a6 བལྟ་ན་སྡུག་པ། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་མངོན་པར་བྱུང་བ་ཡང་མཐོང་། རིན་པོ་ཆེ་བཀོད་པ་འཁོར་གྱི་ཁྱམས་བྱང་ཆུབ་སེམས་དཔས་གང་བ་ཡང་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་སྟེ། བསྲེག
6a7 པའི་བསྐལ་པ་ནི་མ་བྱུང་ན་ཆུས་འཇིག་པ་འདི་བྱུང་སྟེ། འདི་ལྟ་བུའི་ཆོ་འཕྲུལ་འདི་དག་ཀུན་དུ་སྣང་བ་འདི་ལ་རྒྱུ་ཅི་ཡོད། བདག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་ངོ་མཚར་རྨད་དུ་བྱུང་བ་ཆེན་པོ
6a8 འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས་ཤེས་ཞུའོ་སྙམ་མོ།། དེ་ནས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ། ཚངས་པ་འབུམ་ཕྲག་དྲུག་བཅུརྩ་བརྒྱད་ཀྱིས་ཡོངས་སུ་བསྐོར་ཏེ། མདུན་དུ་བདར་ནས་ལྷན




iiif viewer powered by OpenSeadragon

5b - 6b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo