e-texts navigator
Collection
Volume
Page
Wylie

69a1 འདོད་པའི་འདོད་ཆགས་སྤོང་བ་དང་། དགེ་བའི་ཆོས་ལ་འདུན་པ་མི་འདོར་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སྡིག་པ་ཐམས་ཅད་འཆགས་པ་དང་། སྡིག་པ་ཐམས་ཅད་མི་བྱེད་པ་ལ། དཀའ་བ་བྱེད་པའི་ཆོས་གཉིས་ཏེ།
69a2 འབྱོད་པ་མེད་པ་དང་། ཀུན་ནས་ལྡང་བ་མེད་པའོ།། ཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཞན་གྱི་བསོད་ནམས་ཀྱི་རྗེས་སུ་ཡིད་རང་བ་དང་། རང་གི་བསོད་ནམས་ཀྱིས་མི་ངོམས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྡིག་པ་ཐམས
69a3 ཅད་ཟད་པ་ཤེས་པ་དང་། བསོད་ནམས་བསགས་པ་ཞེས་བྱའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པ་དང་། ཆོས་ཐམས་ཅད་ཡོངས་སུ་འཛིན་པའོ།། དཀའ་བ་བྱེད་པའི་ཆོས་གཉིས
69a4 ཏེ། ཆོས་ཀྱི་དབྱིངས་འདྲེས་པ་མེད་པ་དང་། ཚིག་རབ་ཏུ་དབྱེ་བ་ཐམས་ཅད་བསྟན་པ་ཤེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཡོངས་སུ་བསྔོ་བ་ལ་མཁས་པ་དང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་བསྔོ
69a5 པའོ། ། དཀའ་བ་བྱེད་པའི་ཆེས་གཉིས་ཏེ། མཚན་མ་མེད་པ་འདྲེས་པར་བྱེད་པ་དང་། མཚན་མ་ཐམས་ཅད་རྣམ་པར་འཇིག་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སྟོང་པ་ཉིད་ལ་རྟོག་པ་དང་། སེམས་ཅན་ལ་ཡང་བལྟ
69a6 བའོ། ། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཤེས་རབ་ཀྱིས་བལྟ་བ་མེད་པ་དང་། ཐབས་ཀྱིས་བལྟ་བ་དང་བཅས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགེ་བའི་རྩ་བ་འདོད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་སེམས
69a7 ཅན་ཐམས་ཅད་སྦྱོར་བའོ། ། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྨོན་པ་མེད་པ་བསྒོམ་པ་དང་། བསམས་བཞིན་དུ་སྐྱེ་བ་ཤེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དེ་མ་ཆགས་པ་དང་མི་གཡོ་བའོ།། དཀའ་བ་བྱེད་པའི
69a8 ཆོས་གཉིས་ཏེ། ང་རྒྱལ་མེད་པ་དང་། ངེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགོན་པ་ལ་གནས་པ་དང་། དགོན་པའི་ཡོན་ཏན་མྱོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཉོན་མོངས་པ་མེད་པར་གནས་པ་དང་།




iiif viewer powered by OpenSeadragon

68b - 69b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo