e-texts navigator
Collection
Volume
Page
Wylie

68b1 ཡང་བསྒྲུབ་པའོ། ། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་རྗེས་སུ་དྲན་པ་བསྒོམ་པ་དང་། སེམས་ཅན་རྣམས་ཀྱང་ཆོས་ལ་སྦྱོར་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འདོད་ཆགས་དང་བྲལ་བའི་ཆོས་ཉིད་ལ་སོ་སོར་རྟོག་པ
68b2 དང་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ལ་ཆེར་སྙིང་རྗེ་བའོ། ། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་རྗེས་སུ་དྲན་པ་དང་། ཕྱིར་མི་ལྡོག་པའི་དགེ་འདུན་ལ་ཡང་སྟོན་པའོ།། དཀའ་བ་བྱེད་པའི
68b3 ཆོས་གཉིས་ཏེ། འདུས་མ་བྱས་ལ་ཡང་རྟོག་པ་དང་། འབྲས་བུ་ཐོབ་པ་ཡང་ཀུན་ཏུ་བསྲུང་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པའོ།། དཀའ་བ་བྱེད་པའི་ཆོས
68b4 གཉིས་ཏེ། མངོན་པར་འདུ་བྱེད་པ་མེད་པའི་ཚུལ་ཁྲིམས་ལ་སོ་སོར་རྟོག་པ་དང་། ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཐུད་ཅིང་ཡོངས་སུ་སྨིན་པར་བྱེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཏོང་བ་རྗེས་སུ་དྲན་པ་དང་།
68b5 འགྱོད་པ་མེད་པར་གཏོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རང་གི་ཉོན་མོངས་པ་འདོར་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བ་སྟོན་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལྷ་རྗེས་སུ་དྲན་པ་དང་།
68b6 བྱར་སྟོན་པ་མེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། དྲན་པ་དང་ཤེས་བཞིན་དང་། སེམས་གཡེང་བ་རྣམས་དྲན་པ་ལ་འགོད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་རྣམས
68b7 ཚོགས་སོ། ། གའ་བ་བྱེད་པའི་ཚེས་གཉིས་ཏེ། མངོན་པར་འདུ་བྱེད་པ་མེད་པའི་ཡེ་ཤེས་དང་། བསོད་ནམས་ཀྱི་ཚོགས་མ་སྨད་པའོ།། གཙེས་སྨྲས་བྱེད་པའི་ཆོས་གཉིས་ཏེ། ཆགས་པ་ལང་ཤིན་ཏུ་པ་དང་། ཆགས་པ་བཞིན
68b8 ཡོངས་སུ་འགྲེལ་བའོ། ། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འདུན་པ་དྲག་པ་དང་། སྒྲ་མེད་ཅིང་གཡོ་མེད་པའོ།། གཅེས་སྨྲས་བྱེད་པའི་ཆོས་གཉིས་ཏེ། བྱས་པ་བཟོ་བ་དང་། བྱས་པ་ཤེས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ།




iiif viewer powered by OpenSeadragon

68a - 69a

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo