| | e-texts navigator
|
68a1 གཉིས་ཏེ། ལུས་གཟུགས་བརྙན་ལྟ་བུ་དང་། རྩཝ་དང་རྩིག་པ་དང་ཤིང་ལྟ་བུར་སོ་སོར་རྟོག་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ངག་ཡོངས་སུ་དག་པ་དང་། ངག་གི་སྐྱོན་བཞི་ཡོངས་སུ
68a2 སྤོང་བའོ། ། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་བརྗོད་དུ་མེད་པར་ཁོང་དུ་ཆུད་པ་དང་། སྒྲ་ཐམས་ཅད་བྲག་ཆ་དང་མཚུངས་པར་ཤེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སེམས་ཡོངས་སུ
68a3 དག་པ་དང་། བན་པ་སེམས་དང་། གནོད་སེམས་དང་ལོག་པར་ལྟ་བ་ཡོངས་སུ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ནད་ཉེ་བར་ཞི་བ་དང་། ཕྱི་རོལ་དུ་མི་རྒྱུ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱམས་པ་བསྒོམ་པ་དང་།
68a4 སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ནམ་མཁའ་ལྟར་རྣམ་པར་དག་ཅིང་དྲི་མ་མེད་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་ཡོངས་སུ་བསྔོ་བའོ།། །
68a5 གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སྙིང་རྗེ་ཆེན་པོ་མི་འདོར་བ་དང་། དགེ་བའི་རྩ་བ་ཡོངས་སུ་ཚོལ་བ་ལ་ཡོངས་སུ་མི་སྐྱོ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྐྱེ་བ་མེད་པར་སོ་སོར་རྟོག་པ་དང་། ངེས་པར་གྱུར་པ་ཀུན་ཏུ
68a6 བསྲུང་བའོ། ། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་ལ་དགའ་བས་དགའ་ཞིང་མོས་པ་དང་། མི་དགའ་བ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མི་སྨྲ་བའི་བརྟུལ་ཞུགས་ཡོངས་སུ་རྫོགས་པར་བྱེད་པ་དང་། བརྟུལ
68a7 ཞུགས་མ་ཡིན་པ་སྤྱོད་པའོ། ། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། རྗེས་སུ་ཆགས་པ་འདོར་བ་དང་། ཁོང་ཁྲོ་བ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བཏང་སྙོམས་བསྒོམ་པ་དང་། སེམས་ཅན་ལ་ལྟ་བ་ཡོངས་སུ
68a8 སྤངས་པའོ། ། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པ་དང་། དྲན་པ་དེ་ལ་གནས་པར་སེམས་བསྐྱེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་ཀྱི་སྐུ་བསྒོམ་པ་དང་། མཚན་གྱི་སྐུ
iiif viewer powered by OpenSeadragon
67b - 68b