| | e-texts navigator
|
60b1 དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། ། བྱང་ཆུབ་སེམས་དཔའ་འོད་དྲི་མ་མེད་པས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་དང་ཆོས་ཐ་དད་པའི་འདུ་ཤེས་དང་ལྡན་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས
60b2 ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཐོབ་པར་བགྱིས་ཏེ། དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ
60b3 ཁྱད་པར་དུ་འགྲོ་བས་གསོལ་པ། བཅོམ་ལྡན་འདས་མཉམ་པར་མ་གཞག་ཅིང་གཡེང་བའི་སེམས་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་མཉམ་པར་གཞག་ལ་མི
60b4 གཡེང་བའི་སེམས་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། ། བྱང་ཆུབ་སེམས་དཔའ་དེད་དཔོན་གྱིས་གསོལ་པ། བཅོམ་ལྡན་འདས་ལམ་ཤེས་པའི་ཆོ་ག་མ་འཚལ་ཅིང་ལམ་ངན་པར་ཞུགས་པས་དམ
60b5 པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ལམ་ཤེས་པའི་ཆོ་ག་འཚལ་བར་བགྱིས་ལ་སེམས་ཅན་རྣམས་ལ་མ་ངན་པ་ལས་ཡང་དག་པའི་ལམ་ལ་རབ་ཏུ་དགོད་ཅིང་དམ
60b6 པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། ། བྱང་ཆུབ་སེམས་དཔའ་བློ་གྲོས་ལེགས་པས་གསོལ་པ། བཅོམ་ལྡན་འདས་དོགས་པའི་སེམས་ཐེ་ཙོམ་དུ་གྱུར་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ།
60b7 བཅོམ་ལྡན་འདས་བདག་གིས་དོགས་པ་དང་བྲལ་ཞིང་ཐེ་ཙོམ་ཐམས་ཅད་སྤངས་ལ་དོགས་པའི་ཟུག་རྔུ་ཐམས་ཅད་བསལ་བ་ཐོབ་པར་བགྱིས་ཏེ། དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ།། བྱང་ཆུབ
60b8 སེམས་དཔའ་རྣམ་པར་སྣང་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ལ་མི་གནས་ཤིང་བསྒྲུབ་པ་ཉམས་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཆོས་ལ
iiif viewer powered by OpenSeadragon
60a - 61a