e-texts navigator
Collection
Volume
Page
Wylie

59b1 ངོགས་ཤིང་ཐེ་ཙོམ་ཟའམ། ཡང་གཉིས་སུ་ཀུར་ན་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་གྱི་རྒྱལ་པོ་སྣང་བ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན་ཆོས་སྨྲ་བའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་གྱུར་ཏོ།། དེའི་ཕྱིར་ཡོན་ཏན་གྱི་རྒྱས
59b2 པོ་སྣང་བ་ངས་བསྐལ་པ་གྲངས་མེད་པ་བྱ་བར་བསྒྲུབས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཁྱོད་ལ་གཏང་ངོ་། ། གཟུང་བ་དང་། བཅད་པ་དང་། ཀུན་ཆུབ་པར་བྱ་བ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དགྲ
59b3 པར་བསྟན་པར་བྱ་བའི་ཕྱིར་འཁོར་འདིའི་མདུན་དྲི་ངས་ཁྱོད་ལ་བཅོལ་ལོ། ། བཅོམ་ལྡན་འདས་ཀྱིས་གསུང་འདི་གསུངས་མ་ཐག་ཏུ་དེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་བཅུ་སྟན་ལས་ལངས་ཏེ་མགྲིན་གཅིག
59b4 ཏུ་བཅོམ་ལྡན་འདས་བདོག་ཅག་གིས་དེ་བཞིན་གཤེགས་པའི་བྱང་ཆུབ་འདི་གཟུང་བར་བགྱིའོ་ཞེས་སྨྲས་སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ
59b5 སྩལ་ཏོ། ། རིགས་ཀྱི་བུ་དག་ཁྱེད་ཀྱིས་ཆོས་ཇི་ལྟ་བུ་ཞིག་ལ་གནས་ཏེ་ངས་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པའི་བྱང་ཆུབ་འདི་འཛིན་པར་བྱེད། དེ་ནས་བྱང་ཆུབ་སེམས་དཔའ་རི་དབང་གི་རྒྱལ་པོ་ཞེས་བྱ་བ་དེར
59b6 འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ལུས་དང་སྲོག་ལ་ལྟ་བས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ལུས་དང་།།
59b7 སྲོག་ལ་མི་ལྟ་བར་བགྱིས་ལ་བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བ་དེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྙེད་པ་དང་བཀུར
59b8 སྟེ་དང་ཚིགས་སུ་བཅད་པ་ལ་རེ་བས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་རྙེད་པ་དང་། བཀུར་བསྟི་དང་ཚིགས་སུ་བཅད་པ་ཐམས་ཅད་བོར་ལ། འཕགས་པ་མ་ལགས་པ་དང་བསྟེན་པ




iiif viewer powered by OpenSeadragon

59a - 60a

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo