e-texts navigator
Collection
Volume
Page
Wylie

58a1 རྣམ་པར་ཤེས་པ་ལ་གནས་པ་མེད་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། ། གང་ཡང་དག་པའི་ཡེ་ཤེས་ཀྱིས་དེ་གཞན་དག་ལ་གོ་བར་བྱེད་པ་ལ་མཁས་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན
58a2 པའོ། ། དེ་བཞིན་དུ་རྣ་བ་དང་། སྒྲ་དང་སྣ་དང་། དྲི་དང་ལྕེ་དང་། རོ་དང་ལུས་དང་། རེག་བྱ་དང་ཡིད་དང་། ཆོས་རྣམས་སྟོང་པར་རིག་ནས་ཡིད་དང་ཆོས་རྣམས་ལ་རྣམ་པར་མི་རྟོག་ཅིང་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པ
58a3 མེད་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། ། དེ་ཡང་ཡང་དག་པའི་ཡེ་ཤེས་ཀྱིས་གཞན་དག་ལ་གོ་བར་བྱེད་པ་ལ་མ་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་ཆོས་གང་གིས་ཆོས་གང་བྱུང
58a4 བའི་ཆོས་དེ་ལ་ཡོངས་སུ་མི་འཛིན་པ་དང་། མི་ལེན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། ལྟ་བ་གང་གིས་ལོག་པར་ལྟ་བ་ལ་གནས་པར་བྱེད་པའི་ལྟ་བ་དེ་ལ་ཡོངས་སུ་མི་འཛིན་ཅིང་མི་ལེན་པ་འདི་ནི་དམ་པའི་ཆོས་ཡོངས་སུ
58a5 འཛིན་པའོ། ། མི་ཤེས་པ་གཏི་མུག་གི་ལིང་ཏོག་གང་གིས་སེམས་ཡོངས་སུ་དཀར་བར་མི་འགྱུར་པའི་མི་ཤེས་པའི་གཏི་མུག་གི་ལིང་ཏོག་དེ་ལ་གང་ཡོངས་སུ་མི་འཛིན་ཅིང་མི་ལེན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ།།
58a6 རིགས་ཀྱི་བུ་གཞན་ཡང་གང་བ་སྒྲུབས་ནས་སྤང་བར་བྱ་བ་དེ་ནི་ཆོས་མ་ཡིན་འདུལ་བ་མ་ཡིན་ནོ།། གང་བསྒྲུབ་པར་ཡང་མི་བྱ་སྤང་བར་ཡང་མི་བྱ་བ་འདི་ནི་ཆོས་སོ།། དེ་ནི་འདུལ་བའོ།། བསྒྲུབས་ནས་སྤང་བར་བྱ་བའི་ཆོས་གང་ཞེ་ན། འདུས
58a7 བྱས་ཀྱི་ལམ་སྟེ། བསྒྲུབས་ནས་སྤང་བར་བྱ་བ་དེ་ནི་ཆོས་མ་ཡིན་འདུལ་བ་མ་ཡིན་ནོ།། བསྒྲུབ་པར་བྱ་བ་ཡོང་མ་ཡིན། སྤང་བར་བྱ་བ་ཡང་མ་ཡིན་པ་གང་ཞེ་ན། གང་བརྗོད་དུ་མེད་པ་དང་། སྐྱེ་བ་མེད་པ་དང་། འབྱུང་བ་མེད་པ་སྟེ། དེ་ནི
58a8 བསྒྲུབ་པར་བྱ་བ་ཡང་མ་ཡིན་སྤང་བར་བྱ་བ་ཡང་མ་ཡིན་པའོ། ། གང་བ་སྒྲུབ་པར་བྱ་བ་ཡང་མ་ཡིན་སྤང་བར་བྱ་བ་ཡང་མ་ཡིན་པ་དེ་ཆོས་སོ།། དེ་ནི་འདུལ་བའོ།། ཅིའི་ཕྱིར་དེ་ཆོས་ཡིན་དེ་འདུལ་བ་ཡིན་ཞེ་ན། རང་བཞིན་གྱིས་མ




iiif viewer powered by OpenSeadragon

57b - 58b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo