| | e-texts navigator
|
56b1 ཀྱི་བུ་དེ་དེ་བཞིན་ནོ། ། ཇི་སྐད་སྨྲས་པ་བཞིན་ཏེ། ཆོས་གང་ངས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བརྗོད་དུ་མེད་དོ།། རིགས་ཀྱི་བུ་འོན་ཀྱང་ཡི་གེའི་ངེས་པའི་ཚིག་གང་དག་ངག་གི་བརྗོད་དུ་མེད་པ་འདུས་མ་བྱས་ཀྱི་ཆོས་དེ
56b2 བསྙད་པའི་ཡིགའི་ངེས་པའི་ཚིག་དེ་དག་གང་ལེན་པ་དང་། འཛིན་པ་དང་སྟོན་པ་དང་། རབ་ཏུ་ཤེས་པར་བྱེད་པ་དང་། འཇོག་པ་དང་། རྣམ་པར་འགྲེལ་བ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར
56b3 རབ་ཏུ་སྟོན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། ། རིགས་ཀྱི་བུ་གཞན་ཡང་ཆོས་སྨྲ་བ་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང་། སྟོན་པ་དང་། སྒྲུབ་པའི་ཆོས་སྨྲ་བ་དེ་དག་ལ་གང་བསྙེན་པ་དང་། བསྙེན
56b4 པ་དང་། བསྙེན་བཀུར་བྱེད་པ་དང་། ལྡང་བ་དང་། རིམ་གྲོ་བྱེད་པ་དང་། གུས་པར་བྱེད་པ་དང་། ཞེས་བྱེད་པ་དང་། སྟི་སྟང་བྱེད་པ་དང་། ཀུན་ཏུ་བསྲུང་བ་དང་། སྦེད་པ་དང་། ཡོངས་སུ་འཛིན་པ་དང་། གོས་དང་། ཟས་དང་། མལ་ཆ
56b5 དང་། ན་བའི་གསོས་སྨན་དང་། ཡོ་བྱད་སྦྱིན་པ་དང་། ལེགས་སོ་ཞེས་བྱབ་སྦྱིན་པ་དང་། རྗེ་བོ་ལྟར་ཀུན་ཏུ་བསྲུང་བ་དང་། དགེ་བ་བསྲུང་བ་དང་། བསྔགས་པ་བརྗོད་པ་དང་། མི་སྙན་པ་འཆབ་པ་འདི་ཡང་དམ་པའི་ཆོས་ཡོངས་སུ
56b6 འཛིན་པའོ། ། རིགས་ཀྱི་བུ་གཞན་ཡང་གང་སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མེད་པ་ལ་ཡིད་ཆེས་པ་དང་། སྨོན་པ་མེད་པ་ལ་སོམ་ཉི་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་དེ་ཁོ་ན་ཉིད་དུ་ངེས་པར་སེམས་པ་འདི
56b7 ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། ། རིགས་ཀྱི་བུ་གཞན་ཡང་རྩོད་པ་མེད་པ་ལྷུར་ལེན་པ་དང་། ཆོས་མ་ཡིན་པས་རྩོད་པ་རྣམས་ཆོས་དང་འཐུན་པས་ཚར་གཅོད་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། །
56b8 རིགས་ཀྱི་བུ་གཞན་ཡང་ཞེ་སྡང་མེད་པའི་རྒྱུད་དང་། སེམས་ཅན་བསྡུ་བ་དང་རབ་ཏུ་ཐར་བར་བྱ་བའི་བློ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་ཆོས་སྦྱིན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། རིགས་ཀྱི
iiif viewer powered by OpenSeadragon
56a - 57a