e-texts navigator
Collection
Volume
Page
Wylie

52a1 ཆས་ཡིན་ཞེས་བརྗོད། ན་ཅིང་འབྲེལ་བར་གང་བྱུང་བ།། དེ་དག་གང་ལའང་རང་བཞིན་མེད། གང་དགང་བ་ཉིད་མེད་པ།། དེ་དག་གང་དུའང་འབྱུང་བ་མེད། འཐོ་བ་མཐར་མེད་མཉམ་པར་ནི།། གང་གིས་མཐའ་འདིར་རབ་ཤེས་པ།
52a2 དེ་ཡི་ཡེ་ཤེས་མཐར་སོན་པས།། ཆོས་རྣམས་ཀུན་ལ་འཇུག་པར་འགྱུར།། ཆོས་རྣམས་གང་དག་འདས་པ་དང་།། ཆོས་རྣམས་གང་དག་མ་འོངས་དང་།། ད་ལྟར་བྱུང་བའི་ཆོས་གང་ད།། དེ་རྣམས་སངས་རྒྱས་ཆོས་སུ་འདོད།། དེ་ལྟར་དུས་གསུམ
52a3 རྣམས་ལ་ཡང་། ། སངས་རྒྱས་ཡེ་ཤེས་ཆགས་པ་མེད།། གང་དུ་ཡེ་ཤེས་མི་ཆགས་པ།། དེ་དག་ཐུབ་པའི་ཆོས་སུ་བསྟན།། སྟོབས་ནི་རྣམ་པ་བཅུ་དག་དང་།། མི་འཇིགས་རྣམ་པ་ནི་གང་དག་དང་།། སངས་རྒྱས་རྣམས་ཀྱི་མ་འདྲེས་ཆོས།
52a4 རྣམ་པ་བཅཝ་བརྒྱད་གང་ཡིན་དང་།། གཞན་ཡང་ཆོས་གང་ཅི་ཡོད་པ།། ཐམས་ཅད་འདིར་ནི་འདུས་པར་གྱུར།། དེས་ནི་ཆོས་རྣམས་དེ་དག་ཀུན།། སངས་རྒྱས་ཆོས་ཤེས་བརྗོད་པ་ཡིན།།
52a5 འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་ལྔ་པ། ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས་སོ།། ཅི་རིགས་ཀྱི་བུ་ཁྱོད་ལ་ཆོས
52a6 འདི་དག་མངོན་སུམ་དུ་གྱུར་ཏམ། སྨྲས་པ་ཚངས་པ་ཅི་སངས་རྒྱས་ཀྱི་ཆོས་རྣམས་གཟུགས་སུ་བགྲང་འམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ། ཚངས་པ་ཆོས་གང་གཟུགས་མེད་བསྟན་དུ་མེད་ཐོགས་པ་མེད། རྣམ་པར་རིག་པ་མེད་པ་དེ་ལ
52a7 གང་ཡང་མངོན་སུམ་དུ་འགྱུར་རམ། སྨྲས་པ། རིགས་ཀྱི་བུ་དེ་ནི་མ་ཡིན་ནོ།། སྨྲས་པ་ཚངས་པ་དེ་ལྟར་ན་ཆོས་ཐམས་ཅད་ནི་མངོན་སུམ་མ་ཡིན་པ་ཉིད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་གཉིས་སུ་ཆུང་ཟད་ཀྱང་མེད་དེ། ཚངས་པ་ཆོས་ཐམས
52a8 ཅད་ནི་གཉིས་སུ་མེད་པའོ། ། དེ་ལ་མངོན་སུམ་གང་ཡིན་པ་དེ་ཡང་དེའི་མཚན་ཉིད་ཁོ་ནའོ།། ཚངས་པ་མངོན་སུམ་ཡང་གཞན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་པ་མ་ཡིན་ཏེ། མངོན་སུམ་གང་ཡིན་པ་དེ་ཉིད་སངས་རྒྱས་ཀྱི




iiif viewer powered by OpenSeadragon

51b - 52b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo