e-texts navigator
Collection
Volume
Page
Wylie

49b1 ཤེས་རབ་སློབ་པ་བསྒྲུབ་པ་མཆོག། རྩོམ་པ་སྦྱིན་དང་དེ་བཞིན་ཚུལ་ཁྲིམས་ཡིན།། རྟུལ་བ་བཟོད་དང་དེ་བཞིན་བརྩོན་འགྲུས་སོ།། སོ་སོར་རྟོག་འདི་བསམ་གཏན་ཤེས་རབ་སྟེ།། བསྒྲུབ་པ་ཡེ་ཤེས་དང་ནི་དེ་བཞིན་ཐབས།། རྩོམ་པའི
49b2 འཇིག་རྟེན་ཟང་ཟིང་ཆོས་སྦྱིན་པ། ། སྙན་པར་སྨྲ་བ་དེ་ནི་རྟུལ་བ་ཡིན།། དོན་དཔྱོད་གང་ཡིན་དེ་ནི་སོ་སོར་རྟོག། སྒྲུབ་པ་དོན་འཐུན་པ་སྟེ་སྙིང་པོ་ཡིན།། རྩོམ་པ་གང་ཡིན་བྱམས་པ་ཡོངས་སུ་དག། རྟུལ་བ་དེ་ནི་སྙིང་རྗེ་ལྡན་པ་ཡིན།།
49b3 དགའ་བ་ཆོས་ལ་སོ་སོར་རྟོག་པ་སྟེ།། བཏང་སྙོམས་ཡེ་ཤེས་པསྒྲུབ་པར་བརྗོད་པ་ཡིན།། རྩོམ་པ་ཞིང་ནི་རྣམ་པར་སྦྱོར་བ་སྟེ།། རྡུལ་བ་མཚན་རྣམས་ཡོངས་སུ་རྫོགས་པར་བྱེད།། སོ་སོར་རྟོག་པད་མ་ཆོས་ཡོངས་སུ་འཛིན།།
49b4 བསྒྲུབ་པ་སེམས་ཅན་ཡོངས་སུ་སྨིན་པར་བྱེད།། རྩོམ་པ་གང་ཡིན་ཕུང་པོ་བདུད་སེལ་བ།། རྟུལ་བ་ཉོན་མོངས་བདུད་ནི་ཚར་གཅོད་པ།། སོ་སོར་རྟོག་པ་འཆི་བདག་ཚར་གཅོད་དེ།། སྙིང་པོ་སྒྲུབ་པ་བདུད་ཀྱིས་ཅི་བྱར་ཡོད།། རྩོམ་པ
49b5 སྡུག་བསྔལ་ཡོངས་སུ་ཤེས་པ་སྟེ། ། སྲེད་པའི་གནས་མེད་འདི་ནི་རྟུལ་བ་ཡིན།། ལམ་སྒོམ་གང་ཡིན་དེ་ནི་སོ་སོར་རྟོག། འགོག་པ་ཤེས་པ་བསྒྲུབ་པར་བརྗོད་པ་ཡིན།། རྩོམ་པ་ལུས་ལ་དྲན་པ་བཅིངས་པ་མེད།། རྟུལ་བ་ཚོར་བ
49b6 ལ་ནི་ལྟེ་བ་མེད། ། སེམས་ལ་དྲན་པ་འདི་ནི་སོ་སོར་རྟོག། ཆོས་ལ་དྲན་པ་བསྒྲུབ་པ་དམ་པ་ཡིན།། རྩོམ་པ་དང་པའི་སྟོབས་དང་དེ་དབང་པོ།། རྟུལ་བ་བརྩོན་འགྲུས་སྟོབས་དང་མཐུ་ཡིན་ཏེ།། དྲན་དང་ཏིང་འཛིན་དབང་པོ་སོ་སོར
49b7 རྟོག། ཤེས་རབ་དབང་པོ་བསྒྲུབ་པར་བརྗོད་པ་ཡིན།། རྩོམ་པ་མི་དགེ་རྣམ་པར་སྤོང་ཞེས་བརྗོད།། རྟུལ་བ་གང་ཡིན་དགེ་བ་ཆུང་མི་གསོན།། ལུས་དང་སེམས་ཀྱང་གང་ཡིན་སོ་སོར་རྟོག། བསྒྲུབ་པ་རྫུ་འཕྲུལ་རྣམ་པར་འཕྲུལ
49b8 ཞེས་བརྗོད། ། རྩོམ་པ་མཁས་པ་བྱང་ཆུབ་ཡན་ལག་བསྒོམ།། རྟུལ་བ་གང་ཚེ་ལམ་ནི་རྟོགས་པ་ཡིན།། ཞི་གནས་ལྷག་མཐོང་དེ་ནི་སོ་སོར་རྟོག། རིག་དང་རྣམ་གྲོལ་སྒྲུབ་པ་སྙིང་པོ་ཡིན།། རྩོམ་པ་འཇུག་པ་རྟུལ་པ་སྤྱོད་པ་ཡིན།།




iiif viewer powered by OpenSeadragon

49a - 50a

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo