e-texts navigator
Collection
Volume
Page
Wylie

45a1 ཡོངས་སུ་ཚོལ་བའོ། ། རྟུལ་བ་ནི་ཐོས་པ་སྟོན་པའོ།། སོ་སོར་རྟོག་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པའོ།། བསྒྲུབ་པ་ནི་འཕགས་པའི་ཡང་དག་པའི་ལྟ་བའོ།། གཞན་ཡང་རྩོམ་པ་ནི་སེར་གཱའི་སེམས་ཆར་གཅོད་པའོ།།
45a2 ཚུལ་བ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ།། སོ་སོར་རྟོག་པ་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ།། བསྒྲུབ་པ་ནི་རྣམ་པར་སྨིན་པ་ལ་མི་རེ་བའོ།། གཞན་ཡང་རྩོམ་པ་ནི་གཏོང་བ་ཆེན
45a3 པོ་སྒྲོགས་པའོ། ། རྟུལ་བ་ནི་གང་སློང་བ་པོ་རྣམས་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པའོ།། སོ་སོར་རྟོག་པ་ནི་ཀྱེ་མའོ་ལོངས་སྤྱོད་འདི་དག་མི་རྟག་པའོ་སྙམ་པའོ།། བསྒྲུབ་པ་ནི་བྱིན་ནས་འགྱོད་པ་མེད་པའོ།། གཞན་ཡང
45a4 རྩོམ་པ་ནི་ཆོས་ཀྱིས་ལོངས་སྤྱོད་ཡོངས་སུ་ཚོལ་བའོ། ། ཏུལ་པ་ནི་འཚོ་བ་ཡོངས་སུ་དག་པའོ།། སོ་སོར་རྟོག་པ་ནི་བདག་གིས་སྙིང་པོ་བླངས་པར་འགྱུར་རོ་སྙམ་པའོ།། བསྒྲུབ་པ་ནི་སྦྱིན་པས་རློམ་སེམས་སུ་མི་བྱེད་པའོ།།
45a5 གཞན་ཡང་རྩོམ་པ་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བའོ།། རྟུལ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མ་ཉམས་པའོ།། སོ་སོར་རྟོག་པ་ནི་ཚུལ་ཁྲིམས་འཆལ་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ།། བསྒྲུབ་པ
45a6 ནི་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱིས་རློམ་སེམས་སུ་མི་བྱེད་པའོ། ། གཞན་ཡང་རྩོམ་པ་ནི་ལུས་ཡོངས་སུ་དག་པའོ།། རྟུལ་བ་ནི་དག་ཡོངས་སུ་དག་པའོ།། སོ་སོར་རྟོག་པ་ནི་སེམས་ཡོངས་སུ་དག་པའོ།། བསྒྲུབ་པ་ནི་ཆོས་ཡོངས
45a7 སུ་དག་པའོ། ། གཞན་ཡང་རྩོམ་པ་ནི་གནོད་སེམས་ཀྱི་སྐབས་མེད་པའོ།། རྡུལ་པ་ནི་བཟོད་པའི་སྟོབས་རྣམས་རྣམ་པར་དག་པའོ།། སོ་སོར་རྟོག་པ་ནི་བདག་དང་གཞན་བསྲུང་བའོ།། བསྒྲུབ་པ་ནི་བཟོད་པའི་རློམ་སེམས་སུ་མི
45a8 བྱེད་པའོ། ། གཞན་ཡང་རྩོམ་པ་ནི་གཤེ་བ་དང་སྡང་བ་དད་པར་བྱེད་པའོ།། རྟུལ་བ་ནི་གཤེ་བ་དང་སྡང་བ་འདྲིས་པར་མི་བྱེད་པའོ།། སོ་སོར་རྟོག་པ་ནི་ནད་ཡོངས་སུ་གདུང་བ་མེད་པར་བྱེད་པའོ།། བསྒྲུབ་པ་ནི་བདག་དང




iiif viewer powered by OpenSeadragon

44b - 45b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo