| | e-texts navigator
|
43a1 ཕྱང་བར་ངེས་པར་བསྟན་པ་ལུང་ཡང་སྟོན།། འདི་ན་སེམས་ཅན་ཆགས་མང་ཆགས་པ་ཡོད།། དེ་དག་ཞེ་སྡང་བགཉལ་རྣམ་པ་མང་།། དེ་དག་ཞེ་སྡང་ཉོན་མོངས་གཟིར་བར་སྣང་།། དེ་དག་གཏི་མུག་ཆེན་པོས་གནོད།
43a2 བར་གྱུར།། དེ་ལྟར་འགྲོ་བའི་སྤྱོད་པ་སྣ་ཚོགས་ཏེ།། དེ་ལ་འདྲངས་པ་དང་ནི་མཚན་མ་དང་།། རྐྱེན་དང་དམིགས་པའང་ཁོང་དུ་ཆུད་བྱས་ལ།། དེའི་འོག་ཏུ་དེ་ཡི་མཚན་ཉིད་བསྟན།། ཀུན་ནས་ཞགས་པའི་དྲ་བར་རབ་བཅུག་པ།། རིག་པ་འཛིན
43a3 པའི་སྐྱེས་བུ་མཁས་པ་གསལ། ། དེས་ནི་ཞགས་པ་ཐམས་ཅད་རབ་བཅད་ནས།། ཇི་ལྟར་འདོད་པ་བཞིན་དུ་མ་སྣད་འགྲོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དཔའ་མཁས་པ།། འགྲོ་བ་ཀུན་ལ་སེམས་ཀྱི་བསམ་ཞུགས་ནས།། ཉོན་མོངས་དེ
43a4 དག་ཐམས་ཅད་རབ་བཅད་དེ། ། སྒྲིབ་པ་མེད་པར་འགྲོ་བ་ཀུན་ལ་སྤྱོད།། ཉི་མའི་འོད་ལ་གྲོགས་ནི་བྱ་མི་དགོས།། སྦྲུལ་གདུག་ལ་ཡང་གྲོགས་བྱ་དགོས་མ་ཡིན།། སེང་གེའི་སྒྲ་ལ་གྲོགས་བྱ་མི་དགོས་ཏེ།། བྱང་ཆུབ་སེམས་དཔའ་ལ
43a5 ཡང་གྲོགས་མི་དགོས། ། དེ་དག་གྲོགས་མེད་གཅིག་པུ་གཉིས་མེད་པར།། སངས་རྒྱས་ཆོས་མང་ཡང་དག་བསྒྲུབ་པར་བྱེད།། བརྩོན་འགྲུས་དང་ནི་མཐུ་དང་སྟོབས་སུ་ལྡན།། འགྲོ་བ་ཉོན་མོངས་རྣམས་ནི་རབ་ཏུ་འཇོམ།། ཇི་ལྟ
43a6 ཇི་ལྟར་མེ་ནི་རྩཝ་རྙེད་པ། ། དེ་ལྟ་དེ་ལྟར་དེ་སྟོབས་ཕྱིར་ཞིང་འཕེལ།། ཇི་ལྟར་བྱང་ཆུབ་སེམས་དཔའ་ཉོན་མོངས་སྲིད།། དེ་ལྟ་དེ་ལྟར་ཤེས་རབ་མེ་རབ་འཕེལ།། དཔེ་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཡང་བཅོམ
43a7 ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔས་བརྩོན་འགྲུས་བརྩམ་པར་བྱའོ།། བྱང་ཆུབ་སེམས་དཔས་རྟག་ཏུ་རྟུལ་བ་བརྟན་པ་དང
43a8 འདུན་འཆ་བར་བྱའོ། ། གཅེས་པ་མི་འདོར་བར་བྱའོ།། བློ་གྲོས་རྒྱ་མཚོ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར།
iiif viewer powered by OpenSeadragon
42b - 43b