e-texts navigator
Collection
Volume
Page
Wylie

3b1 ཕྱིར་གསུང་ངོ་། ། སྟོན་ཏོ། རབ་ཏུ་འཆང་ངོ་།། འཛིན་དུ་འཇུག་གོ།། ཀློག་ཏུ་འཇུག་གོ།། ཤེས་པར་མཛད་དོ།། རྣམ་པར་ཤེས་པར་མཛད་དོ།། རབ་ཏུ་ཤེས་པར་མཛད་དོ།། རབ་ཏུ་འགོད་དོ།། རྣམ་པར་འབྱེད་དོ།། རྣམ་པར་འགྲེལ་ཏེ།
3b2 གསལ་བར་མཛད་དོ།། ཡང་དག་པར་རབ་ཏུ་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་ཤིན་ཏུ་རྣམ་པར་ངེས་པ་འདུས་པ་ཆེན་པོའི་ལེའུ་ཡི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པས་ཐམས
3b3 ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོག་ཏུ་སའི་སྟེང་ནས་བཟུང་བ་ཡན་ཅད་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཀྱི་གཞི་ལ་ཐུག་པའི་བར་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག། ལྟར་ཀུན་ཏུ་སྣང་སྟེ།
3b4 འདི་ལྟ་སྟེ་དཔེར་ན། བསྲེག་པའི་བསྐལ་པ་འདས་ནས་ཆགས་པ་འབྱུང་བའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཆུས་ཡོངས་སུ་གང་བར་འགྱུར་ཏེ། ཆུའི
3b5 དཀྱིལ་འཁོར་གྱིས་ཡོངས་སུ་འཁོར་བ་དེ་བཞིན་དུ། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟ་བུར་གནས་པར་ཀུན་ཏུ་སྣང་ཡང་སྟོང་གསུམ་གྱི
3b6 སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལ་ཡང་སྒྲིབ་པ་མེད་པར་ཀུན་ཏུ་སྣང་ངོ་།། འཛམ་བུའི་གླིང་རྣམས་དང་།
3b7 གླིང་བཞི་པ་ཆེན་པོ་རྣམས་དང་། རྒྱ་མཚོ་ཆེན་པོ་རྣམས་དང་། རི་རབ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལ་ཡང་སྔོན་ཇི་ལྟར་ཕྱིས་ཀྱང་དེ་བཞིན་དུ་སྒྲིབ་པ་ཅི་ཡང་མེད་པར་དེ་ཁོ་ན་བཞིན་དུ་ཀུན་དུ་སྣང་ངོ་།།
3b8 རླུའི་ཕུང་པོ་དེ་ལས་ཀྱང་པད་མ་ཆུ་བ་ནི་བཻ་དཱུརྱ། སྡོང་བུ་ནི་ཨ་ན་ད་རྙིལ། ལོ་མ་ནི་འཛམ་བུའི་ཆུ་བོའི་གསེར། ཟེ་བ་ནི་དཔལ་གྱི་སྙིང་པོ། སྙིང་པོ་ནི་རྡོའི་སྙིང་པོ་ལས་གྲུབ་པ། མུ་ཏིག་གི་དྲ་བས་ནི་ཁེབས་པར་བྱས་པ




iiif viewer powered by OpenSeadragon

3a - 4a

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo