e-texts navigator
Collection
Volume
Page
Wylie

36a1 གཞག་པ་བསྒོམ་ཞིང་སེམས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་པ་དེའི་ཚེ་འཆི་བདག་གི་བདུད་ཡང་དག་པར་འཛེམ་མོ། ། གང་གི་ཚེ་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་གཞག
36a2 པ་བསྒོམ་ཞིང་ཆོས་དང་ལྷན་ཅིགསོང་བ་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་ལ་བྱང་ཆུབ་ཀྱི་བསམ་པ་ཡང་འཁྲུགས་པར་མི་བྱེད་པ་དེའི་ཚེ་ལྷའི་བུའི་བདུད་ཡང་དག་པར་འཇོམ་མོ། ། བློ་གྲོས་རྒྱ་མཚོ་བདུད་ཀྱི་ལས་འདི་དག་ཐམས་ཅད
36a3 ནི་བདག་གིས་ཀུན་ནས་ལྡང་བས་ཀུན་ནས་ལངས་པ་དག་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་བདག་གི་ཀུན་ནས་ལྡང་བ་ཀུན་ནས་ལ་ངས་པར་མི་བྱེད་དོ།། བདག་གང་ཡིན་པ་དེ་ནི་བདག་མ་ཡིན་ཞིང་བདག་མེད་པ་སྟེ་དེ་ལ་ཆོས་གང་གིས་ཀུན་ནས
36a4 ལྡང་བ་མེད་དོ། ། དེ་དེ་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་རིག་ནས་གང་གི་ཚེ་སེམས་ཅན་མི་ཤེས་པ་རྣམས་ཀྱི་ཆེད་དུ་ཐེག་པ་ཆེན་པོའི་གོ་ཆ་གྱོན་པར་བྱེད་པ་དེའི་ཚེ་བདག་ཏུ་སྒྲོ་འདོགས་པ་དང་། གཞན་དུ་སྒྲོ་འདོགས་པའི་ཕྱིར་གོ་ཆ་མི
36a5 གྱོན་ནོ། ། གོ་ཆ་བགོས་ནས་ཀྱང་ཇི་ལྟར་ན་བདག་གི་གོ་ཆ་འདི་དོན་ཡོད་པར་འགྱུར་སྙམ་དུ་དཔྱོད་དེ། དེ་འདི་སྙམ་དུ་བདག་གི་གོ་ཆ་འདི་ནི་བདག་རྣམ་པར་གཞིག་པའི་ཕྱིར་གོ་ཆ་བགོས་པ་མ་ཡིན། སེམས་ཅན་དང་སྲོག་དང་། གསོ་བ་དང་། སྐྱེས་བུ
36a6 དང་། ། གང་ཟག་རྣམ་པར་གཞིག་པའི་ཕྱིར་བགོས་པ་མ་ཡིན་གྱི་སེམས་ཅན་དག་གང་ལ་བརྟེན་ནས་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་བལྟ་བ་ལ་གནས་པར་བྱེད་པའི་གནས་པ་དེ་བདག་གིས་སྤང་བར
36a7 བྱ་སྙམ་དུ་སེམས་སོ། ། གནས་དེ་གང་ཞེ་ན། འདི་ལྟ་སྟེ།། ཕྱིན་ཅི་ལོག་ནི་གནས་སོ།། ཕུང་པོ་དང་།། ཁམས་དང་། སྐྱེ་མཆེད་ནི་གནས་སོ།། དེ་འདི་ལྟར་སེམས་ཅན་ཕྱིན་ཅི་ལོག་ཏུ་གྱུར་ཏེ་མི་རྟག་པ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་པ།
36a8 ལ་བདེ་བར་འདུ་ཤེས་པ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་རྣམས་ལ་འདུ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ།། དེ་ལ་འདྲ་ཤེས་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ།




iiif viewer powered by OpenSeadragon

35b - 36b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo