| | e-texts navigator
|
34b1 དོན་དུ་མི་གཉེར་བ་དེའི་ཚེ་བདུད་ཕྱིར་རྒོལ་པ་བཅོམ་པ་ཡིན་ནོ། ། བློ་གྲོས་རྒྱ་མཚོ་བདུད་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དེ། བཞི་པོ་འདི་དག་ནི
34b2 བདུད་དོ། ། དེ་ལ་སྒྱུ་མའི་ཆོས་སུ་སོ་སོར་རྟོག་པས་ཕུང་པོའི་བདུད་འཇོམས། སྟོང་པ་ཉིད་ངེས་པར་སེམས་པ་ལ་སོ་སོར་རྟོག་པས་ཉོན་མོངས་པའི་བདུད་འཇོམ་མོ།། སྐྱེ་བ་མེད་པ་དང་། འབྱུང་བ་མེད་པར་སོ་སོར་རྟོག་པས་འཆི་བདག
34b3 གི་བདུད་འཛེམ། ། ང་རྒྱལ་གྱིས་སྒྲོ་བཏགས་པ་ཐམས་ཅད་འགོག་པར་འགྱུར་བའི་ལམ་གྱིས་ལྷའི་བུའི་བདུད་འཛེམ་མོ།། གཞན་ཡང་སྡུག་བསྔལ་ཡོངས་སུ་ཤེས་པས་ཕུང་པོའི་བདུད་འཛེམ་མོ།། ཀུན་འབྱུང་བ་སྤོང་བས
34b4 ཉོན་མོངས་པའི་བདུད་འཇོམ་མོ། ། འགོག་པ་མངོན་སུམ་དུ་བྱེད་པས་འཆི་བདག་གི་བདུད་འཛེམ་མོ།། ལམ་བསྒོམ་པས་ལྷའི་བུའི་བདུད་འཇོམ་མོ།། གཞན་ཡང་འདུ་བྱེད་ཐམས་ཅད་ལ་སྡུག་བསྔལ་དུ་སོ་སོར་རྟོག་པས་ཕུང
34b5 པོའི་བདུད་འཛེམ་མོ། ། བདུད་ཐམས་ཅད་ལ་མི་རྟག་པར་སོ་སོར་རྟོག་པས་ཉོན་མོངས་པའི་བདུད་འཛེམ་མོ།། ཆོས་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་པས་འཆི་བདག་གི་བདུད་འཛེམ་མོ།། མྱ་ངན་ལས་འདས་པ་ལ་ཞི
34b6 པར་སོ་སོར་རྟོག་པས་ལྷའི་བུའི་བདུད་འཛེམ་མོ། ། བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་ནང་གི་ཉོན་མོངས་པའི་དྲི་མ་སྤངས་ཏེ་བྱང་ཆུབ་ཀྱི་སེམས་མ་བརྗེད་པར་སྦྱིན་པ་བྱིན་ནས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས
34b7 སུ་བསྔོ་བར་བྱེད་པ་དེའི་ཚེ་ཕུང་པོའི་བདུད་ཚར་གཅོད་པ་ཡིན་ནོ། ། གང་གི་ཚེ་ལུས་ལ་མི་བལྟ་ཞིང་ལུས་ལ་མ་ཆགས་པར་སྦྱིན་པ་བྱིན་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱེད་པ་དེའི་ཚེ་ཉོན་མོངས་པའི་བདུད
34b8 ཚར་གཅོད་པ་ཡིན་ནོ། ། གང་གི་ཚེ་ཀྱེ་མ་ལོངས་སྤྱོད་འདི་དག་ནི་མི་རྟག་པ་ཐུན་མོང་པ་སྟེ། དེ་དག་ལས་བདག་གིས་སྙིང་པོ་བླངས་པར་འགྱུར་རོ་སྙམ་སྟེ་སྦྱིན་པ་བྱིན་ནས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱེད་པ་དེའི་ཚེ
iiif viewer powered by OpenSeadragon
34a - 35a