e-texts navigator
Collection
Volume
Page
Wylie

25b1 ཇི་ཙམ་དུ་དམན་པ་གཟུགས་མ་ཚང་བ་རྣམས་ལ་ཡང་འདུད་དོ། ། རབ་ཏུ་འདུད་དོ།། དེ་རང་གི་ལུས་ཀྱི་ཆོས་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ཆོས་མཉམ་པ་ཉིད་དུ་ཤེས་པ་ལ་འཇུག་གོ། དེ་ལུས་ལ་ལུས་ཀྱི་ཆོས
25b2 ཉི་ཤེས་ནས་ཆོས་ཀྱི་ལུས་ཡིན་གྱི་ཟང་ཟིང་གི་ལུས་མ་ཡིན་ནོ། ། དེ་ལ་ལུས་ཀྱི་ཆོས་ཉིད་གང་ཞེ་ན། གང་བསམ་གཏན་གྱི་ཟས་ཟ་བ་ཡིན་ཏེ། ཟང་ཟིང་གི་ཟས་ཟ་བ་མ་ཡིན་ཏེ། འཇིག་རྟེན་དང་འཐུན་པར་སེམས་ཅན་ལ
25b3 སྙིང་བརྩེ་བའི་ཕྱིར་ཟས་ཟའི་ལུས་ཉམ་ཆུང་བའི་ཕྱིར་ནི་མ་ཡིན་ནོ། ། དེ་ཆོས་ཀྱི་ལུས་སུ་གྱུར་ནས་ཆོས་ཀྱིས་སྲོག་འཚོའི་ཟང་ཟིང་གིས་སྲོག་འཚོ་བ་ནི་མ་ཡིན་ནོ།། དེ་ལ་ཆོས་ཀྱིས་སྲོག་འཚོ་བ་གང་ཞེ་ན། གང་སྲོག་གི་ཕྱི་ཡང།
25b4 བྱ་བ་མ་ཡིན་པ་མི་བྱེད་པ་དང་། འཕགས་པའི་ཚུལ་ལས་མི་འདའ་བའོ།། དེ་ལ་འཕགས་པ་རྣམས་ཀྱི་ཚུལ་གང་ཞེ་ན། འདི་ལྟ་སྟེ། ཆགས་པ་མེད་པ་དང་། སྡང་བ་མེད་པ་དང་། རྨོངས་པ་མེད་པ་དང་། ཉོན་མོངས་པ་ཐམས
25b5 ཅད་དང་བྲལ་བ་དང་། ཇི་ལྟར་བསླབ་པ་བཅས་པ་བཞིན་དུ་ཀུན་དུ་བསྲུང་བ་དང་སྦེད་པ་དང་། རབ་ཏུ་གནས་པ་འདི་ནི་འཕགས་པ་རྣམས་ཀྱི་ཚུལ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་ཀྱི
25b6 ལས་དང་ལྡན་པས་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱི་སྟོབས་ཐམས་ཅད་དང་ལྡན་པ་ཡིན་ཏེ། དེ་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྣང་བར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་དེ་དག
25b7 གི་གཟུགས་དང་མཚན་མ་དང་གཟི་བརྗིད་དང་། རྒྱན་རྣམས་ཅི་འདྲ་བར་བྱང་ཆུབ་སེམས་དཔའ་དེའི་ཡང་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་བརྟགས་པ་མེད་པར་དེ་འདྲ་བར་གནས་སོ།། དེ་འོད་བཀོད་པའི་ལུས་དང་ལྡན་པ་ཡིན་ཏེ།
25b8 དེ་གང་གི་ཚེ་ལུས་ལས་འོད་རབ་ཏུ་གཏོང་བ་དེའི་ཚེ་སངས་རྒྱས་ཀྱི་ཞིང་གྲངས་མེད་དཔག་ཏུ་མེད་པ་རྣམས་སྣང་བས་ཁྱབ་པར་བྱེད་དོ།། དེའི་འོད་དེ་ནི་བདེ་བ་སྐྱིད་པ་སྟེ། སེམས་ཅན་དམྱལ་བ་ངན་སོང་བའི་སེམས་ཅན




iiif viewer powered by OpenSeadragon

25a - 26a

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo