e-texts navigator
Collection
Volume
Page
Wylie

25a1 ངེས་པར་བྱུང་བས་ལན་ཀྱང་བྱསངས་པར་བྱུང་བནམ་ཡིན་ནོ།། འངས་པ་མེད་པ་དང་དྲང་བ་མེད་པ་ན་མས་དང་ལྡན་པ་ཡན་གྱི་གཏི་མུག་དང་ལྡན་ནམ་ཡིན་ན།། 6་ཐམས་ཅད་གས་པ
25a2 ངེས་པར་བྱུང་བས་ཡེ་ཤེས་སྔོན་དུ་འགྲོ་བའི་བྲས་ཀྱིལས་དང་ལྡན་པ་ཡིན། ཡེ་ཤེས་སྔོན་དུ་འགྲོ་བའི་དག་གི་ལས་དང་ལྡན་པ་ཡིན། ཡེ་ཤེས་སྔོན་དུ་འགྲོ་བའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། དེ་ལུས་སྙམ་པ།
25a3 གམ་ཡིད་ཀྱི་ལས་གང་བྱེད་ཀྱང་དེ་དག་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་།། དེ་ལ་བྱང་ཆུབ་སེམས་དཔའི་ལུས་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་གང་ཞེ་ན། གང་གཟུགས་ཀྱི་ལུས
25a4 ཀུན་ཏུ་བསྟན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་འདུལ་བར་བྱེད་དོ། ། སྤྱོད་ལམ་ཇི་ལྟ་བུས་སེམས་ཅན་རྣམས་འདུལ་བར་འགྱུར་བ་དེ་ལྟ་བུ་ཉིད་དུ་དེའི་སྤྱོད་ལམ་ལྷུན་གྱིས་གྲུབ་ཅིང་ཡོངས་སུ
25a5 བརྟག་པ་མེད་པར་ཀུན་ཏུ་གནས་སོ། ། ལུས་ཀྱི་སྐྱོན་དང་། ལུས་ལས་ཆགས་པ་དང་། ལུས་ཀྱི་འགྱུར་བ་དང་། ལུས་ཀྱི་ཚུལ་འཆོས་པ་དང་། ལུས་ཀྱི་འཁྲུག་པ་དང་། ལུས་ཀྱི་ཡོངས་སུ་རྟོག་པ་གང་ཡིན་པ་དེ་དག
25a6 བྱང་ཆུབ་སེམས་དཔའ་དེས་ཡང་དག་པར་བཅོམ་པ་ཡིན་ཏེ་ཤིང་ཏ་ལའི་མགོ་གཅད་པ་བཞིན་དུ་རྩ་བ་ནས་ཆད་ནས་མ་འོངས་པ་ན་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་རོ། ། དེ་ལུས་ཡོངས་སུ་དག་པ་ཡིན་ཏེ་ལུས
25a7 མཚན་ཉིད་ཀྱིས་ལེགས་པར་བརྒྱན་པ་དང་། ལག་པ་དང་རྐང་པ་འཇམ་ཞིང་མཉེན་པ་དང་། བསོད་ནམས་ཀྱི་རྒྱུ་འཐུན་པའི་ལུས་ཤིན་ཏུ་རྣམ་པར་ཕྱེ་བ་དང་། དབང་པོ་མ་ཚང་བ་མེད་པ་དང་། ཡན་ལག
25a8 དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཡང་གཟུགས་ཀྱིས་རྒྱགས་ཤིང་དྲེགས་པ་མེད་པ་ཡིན་ཏེ། ལུས་ཆེ་བའི་ཚུལ་དང་ལྡན་པ་མ་ཡིན་ནོ།། དེ་ཆོས་འཛིན་པ་ཉེ་བར་བཟུང་ནས་སེམས་ཅན




iiif viewer powered by OpenSeadragon

24b - 25b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo