| | e-texts navigator
|
24b1 ནི་སྦྱིན་པ་ཡིན།། ཞི་བའི་སེམས་ནི་ཚུལ་ཁྲིམས་ལྡན།། ཟད་པའི་ཆོས་རྟོགས་བཟོད་པ་ཡིན།། བརྩོན་འགྲུས་རྣམ་པར་བྱེ་བས་རྟོགས།། ཤིན་ཏུ་ཞི་བ་བསམ་གཏན་ཏེ།། ཤེས་རབ་ཡང་དག་རབ་ཤེས་པ།། སེམས་ཅན་གདོད་ནས
24b2 རྣམ་དག་དོན། ། བྱམས་པ་ཞེས་ནི་བརྗོད་པ་ཡིན།། སྙིང་རྗེན་མ་མཁའ་འདྲ་བ་སྟེ།། དགའ་བ་སྤྱོད་པ་དགའ་བ་ཡིན།། རྩོམ་པ་ཐམས་ཅད་རྒྱུན་ཆད་པ།། བཏང་སྙོམས་ཤེས་ནི་རབ་ཏུ་བསྟན།། འཁོར་གསུམ་ཡོངས་སུ
24b3 ཆད་པར་ནི། ། ཆོས་རྣམས་ཐམས་ཅད་རབ་ཏུ་ཤེས།། ཆོས་རྣམས་ངེས་པར་འབིགས་འདི་ནི།། ལྟ་བའི་མདུད་པ་གཅོད་པ་ཡིན།། བསམ་གཏན་ཤེས་རབ་གང་ཡིན་པ།། དེར་ནི་ངེས་པར་འབིགས་པ་བསྟན།། ཚད
24b4 མེད་པ་ལ་འཇུག་པ་ནི། ། ཆོས་ཤེས་པ་ཞེས་བརྗོད་པ་ཡིན།། གནོད་པ་བཟོད་པ་དང་ངེས་པར་འབིགས་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་སོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང
24b5 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དེ་ལྟར་ན་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་པ་དང་ཡོངས་སུ་དག་པར་འགྱུར་ཏེ། བསམ
24b6 པ་བཅོས་མ་མ་ཡིན་ཞིང་སེམས་ཅན་ཐམས་ཅད་ཀྱིས་གནོད་པར་བྱས་ཀྱང་ཞེ་འགྲས་པ་མེད་ལ་ཤིན་ཏུ་ངེས་པར་ཕིགས་པའི་ཡེ་ཤེས་སུ་གྱུར་ཅིང་། ཤེས་རབ་རྣམ་པར་གདོན་མི་ཟ་བ་ཐོབ་པ་དེའི་ཚེ། ཤིན་ཏུ
24b7 དཀར་བ་དྲིམ་མེད་པའི་ཕྱག་རྒྱ་ཏིང་ངེ་འཛིན་གྱི་རྩ་བའི་གནས་ལ་རབ་ཏུ་གནས་པ་ཡིན་ནོ། ། དེ་ལ་ཏིང་ངེ་འཛིན་འདིའི་རྩ་བའི་གནས་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་ཞེ་སྡང་མེད་པའི་སྙིང་རྗེ་ཆེན
24b8 པོའོ། ། དེ་སེམས་ཅན་ཐམས་ཅད་ཀྱིས་སྟི་སྟང་དུ་བྱས་ཀྱང་ཁེངས་པར་མི་འགྱུར། སེམས་ཅན་ཐམས་ཅད་ཀྱིས་སྟི་སྟང་དུ་མ་བྱས་ཀྱང་དུད་པར་མི་འགྱུར་རོ།། ཁེངས་པ་མེད་པ་དང་དུད་པ་མེད་པ་དེ་ནི་ཤེས་པ་ལ།
iiif viewer powered by OpenSeadragon
24a - 25a