e-texts navigator
Collection
Volume
Page
Wylie

23a1 པའི་མཚན་ཉིད་གང་ཞེ་ན། མཚན་ཉིད་གཞི་དེ་ལ་ཀུན་ཏུ་མི་སྤྱོད་པའོ།། ཆོས་རྣམས་ཀྱི་མཚན་ཉིད་ཀྱི་གཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་རིག་པ་ནི་ཆོས་རྣམས་ཀྱི་མཚན་ཉིད་ཀྱི་གཞིའོ།།
23a2 རྣམ་པར་རིག་པ་དེའི་ཡང་དག་པ་ཇི་ལྟ་བའི་མཚན་ཉིད་གང་ཡིན་པ་དེ་ཉིད་ནི་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ཅེས་བྱའོ།། གང་གི་ཆ་ཚེ་བ་ཐམས་ཅད་རྒྱུན་བཅད་པར་གྱུར་པ་དེའི་ཚེ་སྣང་བར་ཡ
23a3 མི་བྱེད། མི་སྣང་བར་མི་བྱེད་དོ།། དེ་ལ་སྣང་བ་ནི་གང་། མི་སྣང་བ་ནི་གང་ཞེ་ན། སྣང་བ་ཞེས་བྱ་བ་ནི་སྐྱེ་བའོ།། མི་སྣང་བ་ཞེས་བྱ་བ་ནི་འགག་པའོ།། གང་གི་ཚེ་སྣང་བར་ཡང་མི་བྱེད་མི་སྣང་བར་ཡང་མི་བྱེད
23a4 བ་དེའི་ཚེ། སྐྱེ་བར་ཡང་མི་བྱེད་འགག་པར་ཡང་མི་བྱེད་དོ།། གང་གི་ཚེ་སྐྱེ་བར་མི་བྱེད། འགག་པར་ཡང་མི་བྱེད་པ་དེའི་ཚེ་ཆོས་ཉིད་ལ་གནས་པ་ཡིན་ཏེ་ཆོས་ཀྱི་དབྱིངས་འཁྲུགས་པར་མི་བྱེད། དེ་བཞིན
23a5 ཉིད་ལས་མི་གཡོ། ཡང་དག་པའི་མཐའ་འཇིག་པར་མི་བྱེད་དོ།། དེ་ལ་ཆོས་ཀྱི་དབྱིངས་ཤེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་རྗེས་སུ་རྟོགས་པའོ།། དེ་བཞིན་ཉིད་ནི་དེ་ཁོ་ནའི་མཚན་ཉིད་ཁོང་དུ
23a6 ཆུང་པའོ། ། ཡང་དག་པའི་མཐའ་ནི་གཉིས་སུ་མེད་པའི་ཡང་དག་པར་མངོན་པར་རྟོགས་པའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་མངོན་སུམ་དུ་ཤེས་པ་རིག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
23a7 པོ་ཤིན་ཏུ་ཕིགས་པ་ཤེས་པ་ཞེས་བྱའོ། ། སྤྱད་པ་དང་གནོད་པ་དང་ངེས་པར་འཇིགས་པའི་ལེའུ་འདི་བཅོམ་ལྡན་འདས་ཀྱིས་བཤད་པའི་ཚེ། ལྷ་དང་མེའི་སྐྱེ་དགུའི་སྲོག་ཆགས་ཁྲག་ཁྲིག་ཕྲག་བཅུ
23a8 གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། སྲོག་ཆགས་ཁྲི་དྲག་སྟོང་གིས་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས




iiif viewer powered by OpenSeadragon

22b - 23b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo