e-texts navigator
Collection
Volume
Page
Wylie

15a1 ཀུན་ཏུ་དཀྲུགས་སམ། བསྡིགས་སམ། བརྡེགས་ཀྱང་བྱང་ཆུབ་ཏུ་བསམ་པའི་སེམས་བསྐྱེད་པ་དེ་ལས་མི་བྱེད་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་སྙིང་རྗེ་ཆེན
15a2 པོས་བརྩོན་འགྲུས་བརྩམས་པ་ལས་མི་བྱེད་པ་དང་། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱ་བར་བརྩོན་པ་ལས་མི་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་དགེ་བའི་རྩ་བ་ལ
15a3 སྦྱོར་བ་ལས་མི་ཕྱེད་པ་དང་། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་འགྲུབ་པར་འགྱུར་བའི་བསོད་ནམས་ཀྱི་ཚོགས་བསགས་པ་ལས་མི་ཕྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་མངོན་པར་བསྒྲུབས་པའི
15a4 བརྩོན་པ་ལས་མི་ཕྱེད་པ་དང་། ལུས་དང་སྲོག་འདོར་ཞིང་དམ་པའི་ཆོས་ཡོངས་སུ་འཛིན་པར་མངོན་པར་བརྩོན་པ་ལས་མི་བྱེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་མངོན་པར་བརྩོན་ཞིང
15a5 བདག་བདེ་བ་ལ་མི་ཆགས་པ་ལས་མི་བྱེད་པ་སྟེ། དེ་དེ་ལྟར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་གྱུར་པས་སེམས་ཅན་ཐམས་ཅད་ཀྱིས་དཔྱས་ཀྱང་བཟོད། ཐིང་སླད་བྱས་པ་དང་། སྨད་པ་དང་། བཤུད་པ་བྱས
15a6 ཀྱང་བཟོད། སེམས་ཅན་ཐམས་ཅད་ཀྱིས་སྤྱོས་སམ་བསྡིགས་སམ་ངན་དུ་བརྗོད་དམ་ངན་དུ་སྨྲས་པའི་ཆོག་གི་མ་ཡང་བཟོད། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཡང་བཟོད།། སེམས་ཅན་ཐམས་ཅད་ཀྱི་ཁུར་ཡང
15a7 བཟོད། སྒྲོལ་བས་ཀྱང་སྐྱོ་བ་མེད། ཞུམ་པ་མེད། ཀུན་ཏུ་ཞུམ་པ་མེད། སྒྱིད་ལུག་པ་མེད། ཡི་ཆད་པ་མེད་ཀྱི་སྟོབས་ཉེ་བར་སྟོན་པར་བྱེད། མཐུ་བསྐྱེད་པར་བྱེད་ཅིང་བརྩོན་འགྲུས་རྩོམ་ལ་རྟུལ་བས་རྡུལ་བར་བྱེད། སྤྲོ་བ
15a8 བསྐྱེད་ཅིང་རྨོངས་པའི་སེམས་མི་འཛིན་ཏོ། ། དེ་སྤྱོས་ཀྱང་སླར་མི་གཤེ། བརྡེགས་ཀྱང་སླར་མི་རྡེག། ཁྲོས་ཀྱང་སླར་མི་ཁྲོ། འཁྲུགས་ཀྱང་སླར་མི་འཁྲུག་སྟེ། དེ་ལྟར་སེམས་བགྲད་པའི་གོ་ཆ་གྱོན་ནོ།། འདི་ལྟ་སྟེ། ཐེག་པ




iiif viewer powered by OpenSeadragon

14b - 15b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo