e-texts navigator
Collection
Volume
Page
Wylie

14a1 རེག་དང་ཡིད་ཀྱིས་ཆོས་རྣམས་ལ། ། རེག་གནས་མ་ཁེངས་མདུད་ཞུམ་པ་མེད།། དེ་ལྟར་དེ་ཡི་དབང་པོ་དག་པ་ཉིད།། ཆགས་པས་མི་ཆགས་སྡང་བས་སྡང་པ་མེད།། གཏི་མུག་མ་རྨོངས་མི་སྡུག་གནས་པ
14a2 ཅན། ། བྱམས་པ་དགའ་ཞིང་རྐྱེན་གྱིས་ཆོས་སེམས་དབང་།། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྤྱོད་ཡིན།། སྒྲིབ་པ་ལྔ་པོ་དག་གིས་བསྒྲིབས་པ་མེད།། དེ་ལྟར་དེས་ནི་དབང་པོ་ལྔ་ཡང་བསྒོམས།། དེ་ནི་གང་དྲིའང་སྒྲིབ
14a3 མེད་བཅིངས་པའང་མེད། ། སྟོབས་རྣམས་ལྔ་པོ་དག་ལ་རབ་ཏུ་གནས།། ཀུན་ནས་ལྡང་བ་ཤེས་ཤིང་བྱུང་བ་ཉིད།། ཚུལ་བཞིན་མ་ཡིན་སྤངས་ཤིང་ཚུལ་བཞིན་གནས།། དྲན་པ་ཉེ་བར་བཞག་པ་བཞི་ལ་བསྟན།། ཡང
14a4 དག་སྤོང་དང་རྫུ་འཕྲུལ་རྐང་པར་ལྡན། ། བྱང་ཆུབ་ཡན་ལག་བསྟེན་དང་རྟག་ཏུ་ལྡན།། བརྟན་པ་དེ་ནི་ཡན་ལག་བརྒྱད་ལམ་མཆོག། དེ་ནི་འདོད་དང་སྡད་དང་འཇིགས་མི་འགྲོ།། གཏི་མུག་བྲལ་ཞིང་དབང་པོ་ཤིན་ཏུ
14a5 བསྡམས། ། ཆོས་ཀྱི་སྦྱིན་ལ་ད་ནི་སར་སྣ་མེད།། སློབ་དཔོན་ནམ་ཡང་ཆོས་འཆབ་མི་བྱེད་དོ།། ཟང་ཟིང་མེད་པར་ཆོས་ནི་སྟོན་པར་བྱེད།། དེས་ན་དེ་ནི་བྱང་ཆུབ་སེམས་དགའ་འགྱུར།། དེ་ནི་ཟད་ཟིང་རྣམས་ལ་ཀུན་འཛིན
14a6 མེད། ། ནམ་སྨིན་རེ་མོད་འདོད་དགུ་གཏོང་བར་བྱེད།། སྦྱིན་དང་སྙན་དང་དོན་བྱེད་དོན་འཐུན་པས།། དེ་ནི་སེམས་ཅན་བརྒྱ་དག་རབ་ཏུ་སྡུད།། དདེ་ཡི་བྱང་ཆུབ་སེམས་ནི་བརྗེད་མི་འགྱུར།། ཐེག་པ་དམན་ལ་ནམ་ཡང
14a7 བ་མེད། ། ཇི་ལྟ་ཇི་ལྟར་སངས་རྒྱས་ཡོན་ཏན་མཐོང་།། དེ་ལྟ་དེ་ལྟར་དེ་བསམ་རི་རབ་འདྲ།། ནད་ནི་རབ་ཞི་སྲེད་པའི་ཉེས་པ་མཐོང་།། དེ་ནི་གཞན་གྱི་འཁྲུལ་ལ་བལྟ་མི་བྱེད།། འདུས་བྱས་ཉེས་པ་དག་ཀྱང་ཤིན་ཏུ
14a8 མཐོང་། ། འཁོར་བས་འཇིགས་པས་སྡིག་པ་རྣམས་མི་བྱེད།། ལེགས་སྤྱོད་ཁུར་ཁྱེར་བས་ནི་སྐྱོ་བ་མེད།། ཞིང་རྣམས་སྤྱོད་པར་འདོད་པ་ཉམས་པ་མེད།། ཆོས་རྣམས་ཡོངས་སུ་བཟུང་བས་ཞུམ་པ་མེད།། སེམས




iiif viewer powered by OpenSeadragon

13b - 14b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo