| | e-texts navigator
|
121b1 བྱིན་གྱིས་བརླབས་པ་དེ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བྱིན་ཀྱི་བཟླས་པསོའོ། ། ང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དེ་ལ་བདུད་ཐམས་ཅད་ཀྱིས་བར་ཆད་བྱ་བར
121b2 མི་ནུས་སོ། ། བཅོམ་ལྡན་འདས་གལ་ཏེ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བདུད་དཔུང་དང་བཅས།། གཡོག་འཁོར་དང་བཅས། ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བར་བཏུན་ཀྱང་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་བར
121b3 ཆད་བྱ་བར་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། ས་འགས་ཀྱང་སྲིད། རྒྱ་མཚོ་ཐམས་ཅད་ནི་སྐམ་ཡང་སྲིད། རི་ཐམས་ཅད་ནི་རྣམ་པར་མཐོར་ཡང་སྲིད། རླུང་ནི་ཞགས་པས་བཅིང་དུ་རུང་ཡང་སྲིད་། ཉི་མ་དང་ཟླ་བ་ནི་སའི་སྟེང
121b4 དུ་ལྷུང་ཡང་སྲིད། ནམ་མཁའ་ནི་གཟུགས་ཀྱི་རྣམ་པར་བསྟན་དུ་རུང་ཡང་སྲིད། མེ་ནི་ཆུར་འགྱུར་ཡང་སྲིད་། ཆུ་ནི་མེར་འགྱུར་ཡང་སྲིད། འབྱུང་བ་ཆེན་པོ་བཞི་ནི་གཞན་དུ་འགྱུར་ཡང་སྲིད། སེམས་ཅན་ཐམས་ཅད་ལ
121b5 སེམས་ནི་གཅིག་ཏུ་བྱར་རུང་ཡང་སྲིད། ནམ་མཁའ་དང་ས་ནི་འབྱར་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ནི་སུས་ཀྱང་བསྐྱོད་པ་འམ་གཡོ་བ་འམ་འཁྲུགས་པར་བྱེད་མི་ནུས་སོ་ཞེས་གསུངས་སོ།། དེ་ནས
121b6 བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སྤྱི་བོར་ཕྱག་བཞག་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ཁྱོད་ཀྱིས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་ཉེ་བར
121b7 བཟུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ
121b8 བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་དོན་གྱི་དབང་གང་གཟིགས་ན་དེ་ལ་རྒྱ་མཚོ་དང་མཚོ་ཆེན་པོ་ལྟར་གཏིང་དཔག་དཀའ་བའི་དྲན་པ་དང་བློ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ
iiif viewer powered by OpenSeadragon
121a - 122a