e-texts navigator
Collection
Volume
Page
Wylie

11a1 རིགས་དེ་ལས་དེ་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེར་འགྱུར་ཏེ། དེ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཡོངས་སུ་སྤྱད་པར་འགྱུར་གྱི། དེ་མ་ཡིན་པའི་སེམས་ཅན་གཞན་རྣམས་ཀྱི་མ་ཡིན་ཏེ། ནོར་བུ་རིན
11a2 པོ་ཆེ་དེའི་འོད་གང་ཡིན་པ་དེས་ནི་དེ་མ་ཡིན་པའི་ནོར་བུ་རིན་པོ་ཆེ་གཞན་རྣམས་ཀྱི་འོད་མོག་མོག་པོར་བྱེད་དོ། ། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རིན་པོ་ཆེ་དེ་ཡང་རིན་པོ་ཆེའི་རིགས་དགུ་ལས
11a3 ཤིན་ཏུ་འདས་པར་བྱུང་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དགེ་བའི་རིན་པོ་ཆེའི་རིགས་དང་། དད་པའི་རྗེས་སུ་འབྲང་བའི་རིན་པོ་ཆེའི་རིགས་དང་། ཆོས་ཀྱི་རྗེས་སུ་འབྲང་བའི་རིན་པོ་ཆེའི་རིགས་དང་། མཚན་མ
11a4 མེད་པ་ལ་གནས་པ་རིན་པོ་ཆེའི་རིགས་དང་། རྒྱུན་དུ་ཞུགས་པ་རིན་པོ་ཆེའི་རིགས་དང་། ལན་ཅིག་ཕྱིར་འོང་བ་རིན་པོ་ཆེའི་རིགས་དང་། ཕྱིར་མི་འོང་བ་རིན་པོ་ཆེའི་རིགས་དང་། དགྲ་བཅོམ་པ་རིན་པོ་ཆེའི་རིགས་དང་། རང
11a5 སངས་རྒྱས་རིན་པོ་ཆེའི་རིགས་དང་། རིན་པོ་ཆེའི་རིགས་དགུ་པོ་འདི་དག་ལས་ཤིན་ཏུ་འདས་ནས་བཅུ་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་ལྷག་པའི་བསམ་པ་སྙིང་རྗེ་ཆེན་པོའི་རིན་པོ་ཆེའི་རིགས་ལས་ཐམས་ཅད
11a6 མཁྱེན་པར་སེམས་བསྐྱེད་པ་དེ་རིན་པོ་ཆེ་འབྱུང་སྟེ། དེ་ཡོངས་སུ་སྦྱངས་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན་ཅིང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་རྣམས་ལ་ཡང་སྣང་བར་བྱེད་དོ།། བློ་གྲོས་རྩ
11a7 མཚོ་འདི་ལྟ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གང་གི་ཚེ་སྤྱང་བཟོད་ཅིང་གནོད་པ་བཟོད་ལ། པུག་ནས་ཀྱང་ཉེ་བར་མ་གྱུར། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་འདི་ལྟར་སེམས་ཅན་བསོད་ནམས་བྱས་པ། དགེ་བའི་རྩབ
11a8 བསྐྱེད་པ་རྣམས་ལ་ཕན་པར་བྱེད་པར་འགྱུར་རོ། ། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ཡང་གང་གི་ཚེ་སྦྱང་བཟོད་ཅིང་གནོད་པ་བཟོད་ལ། ཕུག་ནས་ཀྱང་ཉེ་བར་མ་གྱུར་ན




iiif viewer powered by OpenSeadragon

10b - 11b

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo