e-texts navigator
Collection
Volume
Page
Wylie

119b1 ལ་འདུག་སྟེ། བྱང་ཆུབ་ཀྱི་རྣམ་པས་མངོན་པར་བསྒྲུབས་པའི་བྱམས་པས་འཁོར་ཐམས་ཅད་ལ་ཁྱབ་པར་བྱས་ལ། བདག་ལ་སྨན་པར་འདུ་ཤེས་དང་། ཆོས་ལ་སྨན་གྱི་འདུ་ཤེས་དང་། ཆོས་ཉན་པ་ལ་ནད་པའི་འདུ
119b2 ཤེས་དང་། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་དང་། ཆོས་ཀྱི་ཚུལ་ལ་ཡུན་རིང་དུ་གནས་པའི་འདུ་ཤེས་བསྐྱེད་ལ། སྔགས་ཀྱི་ཚིག་འདི་དག་མངོན་དུ་བྱས་ཏེ། ཆོས་ཀྱི་གཏམ་བྱེད་ན། དེའི་ཁོར་ཡུག་དཔག།
119b3 ཚད་བརྒྱ་ཚུན་ཆད་དུ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་མིག་གིས་མི་རྩོལ་བར་བྱ་བའི་ལས་ཀྱི་ཕྱིར་འོང་བར་མི་འགྱུར་རོ།། གང་དག་འོང་བ་དེ་དག་ཀྱང་བར་ཆད་བྱེད་པར་མི་ནུས་སོ།། དེ་ནས་བཅོམ་ལྡན་འདས་ལ
119b4 བདུད་སྡིག་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་བདག་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པར་འཕངས་པ་སྐྱེས་བུ་དམ་པ་དེ་དག
119b5 གི་བྱིན་གྱིས་བརླབས་དང་། ། རྫུ་འཕྲུལ་དང་། ཚེ་འཕྲུལ་འདི་བདག་ལ་མངོན་སུམ་དུ་གྱུར་ཏོ།། བཅོམ་ལྡན་འདས་བདག་དེར་སླན་ཆད་བདུད་ཀྱི་སུག་ལས་ཐམས་ཅད་འདོར་རོ།། གདག་ན་ཆོས་ཀྱི་རྣམ་གྲངས་འདི་སྟོན་པ
119b6 དང་། ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བའི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ་གཙུག་ལེག་ཁང་དེར་ཆོས་མཉན་པའི་སླད་དུ་བདག་ང་རྒྱལ་མ་མཆིས་པ་དང་། གུས་པ་དང་བཅས་ཤིང་ཞེས་དང་བཅས
119b7 པས་མཆིས་པར་བགྱིའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་ལེགས་སོ་ལེགས་སོ།། ཁྱོད་ཆོས་ལ་གུས་པའི་རྣམ་པར་སྨིན་པ་འདིས་རིམ་གྱིས་བདུད་ཀྱི་ལས་ཐམས་ཅད་ལས་ཤིན་ཏུ་འདས་ཏེ།
119b8 གང་སྐྱེས་བུ་དམ་པ་དེ་དག་གིས་ཐོས་པའི་ཆོས་དེ་དག་རྗེས་སུ་འཐོབ་པར་འགྱུར་རོ།། བློ་གྲོས་རྒྱ་མཚོ་གཞན་ཡང་མི་མཇེད་ཀྱི་བདག་པོ་ཚངས་པ་དབུག་པའི་སྔགས་ཀྱི་ཚིག་རྣམས་བརྗོད་པར་བྱ་སྟེ། དགུག་པའི




iiif viewer powered by OpenSeadragon

119a - 120a

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo