| | e-texts navigator
|
115a1 དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སེམས་ཅན་དབང་ཆུང་ཅིང་མདོག་ངན་ལ་མི་སྡུག་པ་འདི་ལྟ་བུ་འདི་གང་ནས་མཆིས། བཅོམ་ལྡན་འདས་དེས
115a2 བཀའ་སྩལ་པ། རིགས་ཀྱི་བུ་རླབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞང་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དོ།། དེ་ན་དེ་བཞིན
115a3 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་སོ། ། འཚོའི་གཞེས་སོ།། དེ་འདུས་པ་ཆེན་པོའི་ལེའུ་ནི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་སྟོན་ཏོ།། ཡང་དག་པར་རབ་ཏུ་འཆང་ངོ་།།
115a4 དེ་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་ཅིང་བགྲང་བ་ལས་ཤིན་ཏུ་འདས་པ་དག་ཆོས་ཀྱི་རྣམ་གྲངས་འདི་མཉན་པའི་ཕྱིར་འདུས་སོ།། བྱང་ཆུབ་སེམས་དཔའི་འཁོར་དེར་བྱང་ཆུབ་སེམས་དཔའ་སེམས
115a5 དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་གོ་ཆ་བསམ་གྱིས་མི་ཁྱབ་པ་དགོས་པ། བཅོམ་ལྡན་འདས་དེ་ལ་ཡོངས་སུ་འདྲི་ཞིང་ཡོངས་སུ་འདྲིར་འཇུག་པ་ཡང་འདུས་པར་གྱུར་ཏོ།། ཆོས་ཀྱི་རྣམ་གྲངས་དེའི་ཐ་མ་བཤད་པའི།
115a6 ཚེ་བདུད་སྡིག་ཅན་མིག་གིས་མི་རྩོལ་བར་བྱ་བའི་ཕྱིར་འོངས་པ་དང་། སྐྱེས་བུ་དམ་པ་དེས་འདུལ་བའི་དབང་ཉེ་བར་བཟུང་སྟེ། བདུད་སྡིག་ཅན་དེ་འཇིག་རྟེན་གྱི་ཁམས་འདིར་འཕངས་སོ།། དེ་ནས་བདུད་ལས་བཏུལ་བའི་བྱང་ཆུབ
115a7 སེམས་དཔའ་དེ་དག་གིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། ། ཁོ་བོ་ཅག་ཀྱང་ཁྱོད་ཀྱི་གྲོགས་ཡིན་གྱིས། སྡིག་ཅན་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིག། དེ་ཅིའི་ཕྱིར་ཞེན
115a8 ཁོ་བོ་ཅག་ཀྱང་བདུད་དུ་གྱུར་ཏེ། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་བར་ཆད་བྱ་བའི་ཕྱིར་ཞུགས་པ་ལས།། ཁོ་བོ་ཅག་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།།
iiif viewer powered by OpenSeadragon
114b - 115b