| | e-texts navigator
|
113a1 གནས་ཐམས་ཅད་མོག་མོག་པོར་གྱུར་ཏོ། ། དེ་ནས་བདུད་སྡིག་ཅན་གྱིས་བལྟས་ཆེན་པོ་འདི་མཐོང་ནས་རིངས་ཤིང་མྱུར་བ་ལ་གོར་དྲ་དཔུང་གི་ཚོགས་ཡན་ལག་བཞི་པ་བསྡུས་ཏེ། བཀོད་པ་ཅི་འདྲ་བས་བྱང
113a2 ཅ་ཧུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའི་གན་དུ་འགྲོ་བའི་བཀོད་པ་དེ་འདྲ་བའི་དཔག་ཚད་སུམ་བཅུ་རྩ་དྲུག་ཚུན་ཆད་བདུད་ཀྱི་སྔས་བཀང་ནས་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ཁྱམས་ག་ལ་བ་དེར
113a3 དོང་བ་དང་། ། སངས་རྒྱས་ཀྱི་མཐུས་དེར་དེ་བསྒྲིབས་པར་གྱུར་ཏེ། འོངས་ཀྱང་དེ་བཞིན་གཤེགས་པ་དང་། གང་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། འཁོར་དེ་ལས་སེམས་ཅན་གང་དག་འདུལ
113a4 བར་གྱུར་པ་རྣམས་དང་། གང་དག་སྲིད་པར་ཀུན་ཏུ་སྦྱོར་བ་སྤངས་པའི་དགྲ་བཅོམ་པ་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་རྣམས་མ་གཏོགས་པར་གང་གིས་ཀྱང་དེ་མ་མཐོང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས
113a5 བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བདུད་སྡིག་ཅན་བཀོད་པ་ཇི་ལྟ་བུ་དང་ལྡན་པས་འོང་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ
113a6 ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱམཚོ་བདུད་སྡིག་ཅན་འདི་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བའི་ཕྱིར་འོངས་ན་འདི་ཅི་ཞིག་བྱ། གསོལ་པ། བཅོམ་ལྡན་འདས་དེང་འདི་བདེ་བ་ཐམས་ཅད
113a7 ཀྱིས་བརྟན་པའི་འཇིག་རྟེན་གྱི་ཁམས་སུ་འཕང་བར་བགྱིའོ། ། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་བད་བ་ཐམས
113a8 ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ནི་གལ་ཡོད། དེ་ན་ཆོས་སྟོན་པའི་དེ་བཞིན་གཤེགས་པའི་མཚན་ནི་ཅི་ཞིག་བྱ། བློ་གྲོས་རྒྱ་མཚོས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཤར་ཕྱོགས་ལོགས
iiif viewer powered by OpenSeadragon
112b - 113b