| | e-texts navigator
|
10a1 གསལ། དེ་སྐད་ཅེས་གསལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་གྲོས་རྒྱ་མཚལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐྱེས་བུ་དམ་པ་ལེགས་སོ་ལགས་ས།། ཀྱེ་མ་དྲི་བའང
10a2 བཟང་ཞིང་དཔྱོད་པ་དེ་ཚུལ་བཞིན་ཏེ། དེའི་ཕྱིར་རིགས་ཀྱི་བུ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུད་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི
10a3 ཇི་ལྟར་འཐོབ་པ་དང་། མྱུང་དུ་བ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བངས་བཤད་པར་བྱའོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བྱང་ཆུབ་སེམས་དཔའ་སེམས།
10a4 དཔའ་ཆེན་པོ་བློ་གྲོས་རྒྱ་མཚ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བས་བརྟན་པ
10a5 ཡིན་ཏེ། དགེ་བའི་བསམ་པ་དང་ལྡན་པ། ངེས་པའི་ཕུང་པོ་ལ་རབ་ཏུ་གནས་པ། ཚོགས་བསགས་པ། དབང་པོ་རྣོ་པ། དག་པའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ། རྡུལ
10a6 སྟོབས་ཅན་ཡིན་ཏེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད། སྟི་སྟང་དུ་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་དོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་གཟུགས་ཕུན་སུམ་ཚོགས་པ།
10a7 མཐོང་ཞིང་གསུང་སྙན་པ་ཐོས་སོ།། འཁོར་ཕུན་སུམ་ཚོགས་པ་ཡང་མཐོང་ཞིང་ཆགས་པ་མེད་པའི་མཁྱེན་པ་ཡང་ཐོས་ལ། རྫུ་འཕྲུལ་གྱི་ཚེ་འཕྲུལ་ལམ། ཀུན་བརྗོད་པའི་ཆོ་འཕྲུལ་ལམ། རྗེས་སུ་བསྟན་པའི་ཚེ
10a8 འཕྲུལ་གྱིས་སེམས་ཅན་འདུལ་བ་མཛད་པ་ཡང་མཐོང་ནས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བརྩོན་འགྲུས་བརྩམས་པ་ཡིན
iiif viewer powered by OpenSeadragon
9b - 10b