| | e-texts navigator
|
105b1 ཆུབ་སེམས་དཔའ་གང་སེམས་ཀྱི་དམིགས་པ་ཐམས་ཅད་ལས་ནི་བ་དང་རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དེ་རྟོག་པ་དང་སྟོང་བར་མི་བགྱིད་དེ་རྟོག་པ་དང་སྤོང་བ་དང་བྲལ་བ་མཉམ་པ་ཉིད་དུ་རྟོགས་པ་འདི་ནི་དེའི་སྒྲུབ་པ་ཡང་དག
105b2 ལགས་སོ། ། བྱང་ཆུབ་སེམས་དཔའ་དེད་དཔོན་བཟང་པོས་གསོལ་བ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགེ་བའི་རྩབས་བརྟན་པ་ནི་སྒྲུབ་པ་ཐོབ་པར་བགྱིད་པ་ལགས་ཏེ། དགེ་བའི་རྩབས་མ་བརྟན་པ་ནི་མ་ལགས་སོ།།
105b3 བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་བསོད་ནམས་ཀྱི་ཚོགས་ཀྱིས་ཀྱང་བརྟན་ཡེ་ཤེས་ཀྱི་ཚོགས་ཀྱིས་ཀྱང་བརྟན་ཏེ། བསོད་ནམས་མཉམ་པ་ཉིད་པས་ཡེ་ཤེས་མཉམ་པ་ཉིད་ཡེ་ཤེས་མཉམ་པ་ཉིད་པས
105b4 བསོད་ནམས་མཉམ་པ་ཉིད། བསོད་ནམས་དང་ཡེ་ཤེས་མཉམ་པ་ཉིད་པས་བྱང་ཆུབ་མཉམ་པ་ཉིད། བྱང་ཆུབ་མཉམ་པ་ཉིད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལག་སོ།།
105b5 བྱང་ཆུབ་སེམས་དཔའ་དུས་དཔོག་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ནི་སྒྲུབ་པ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་ཆོས་ཀྱི
105b6 དབྱིངས་སུ་ཡང་དག་པར་འདུ་བར་འཚལ་ནས་ཆོས་གང་ཡང་འབྱེད་པར་ཡང་མི་བགྱིད། སྦྱོར་བར་ཡང་མི་བགྱིད་པའདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་དོན་ལེགས་སེམས་ཀྱིས་གསོལ
105b7 པ། བཅོམ་ལྡན་འདས་དོན་ལ་རྟོན་པ་ལགས་ཀྱི་ཚིག་འཕྲུལ་མ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དོན་གྱི་རྗེས་སུ་ཞུགས་པའི་བློས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཀུན་ཏུ་འཛིན་པ
105b8 དང་སྟོན་པར་བགྱིད་ཀྱང་ཡང་དག་པའི་དོན་བརྗོད་དུ་མ་མཆིས་པ་དེ་ལས་ཀྱང་མི་གཡོ་བ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། ། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་དག་པས་གསོལ་པ། བཅོམ་ལྡན
iiif viewer powered by OpenSeadragon
105a - 106a