e-texts navigator
Collection
Volume
Page
Wylie

104b1 ཡང་དག་པ་ལགས་སོ། ། བྱང་ཆུབ་སེམས་དཔའ་གླང་ཆེན་སྤོས་ཀྱི་བལ་གླང་གིས་གསོལ་པ། བཅོམ་ལྡན་འདས་བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཕུང་པོ་ལྔ་ལ་ལྟ་བས་གླགས་པར་གྱུར་པས་ཁུར་གྱིས་ནོན་པ་ལགས། བཅོམ་ལྡན
104b2 འ་དས་བྱང་ཆུབ་སེམས་དཔའ་གང་ཕུང་པོ་ལ་ཡོངས་སུ་བཙལ་བ་དང་ལྡན་ཏེ་ཁུར་མྱུར་ཏུ་འདོར་བ་དེ་བྱིས་པ་སོ་སོའི་སྐྱེ་བོ་ཕུང་པོ་ལྔ་ལ་ལྟས་པས་གླགས་པར་གྱུར་པས་ཁུར་གྱིས་ནོན་པ་རྣམས་ཀྱི་ཁུར་སྤང་བའི
104b3 བྷིབྱི་ཆོས་སྟོན་ཀྱང་ཆོས་ཐམས་ཅད་མ་སྐྱེས་ཤིང་མངོན་པར་གྲུབ་པ་མ་མཆིས་པས་ཆོས་གང་ལ་ཡང་ཡང་དག་པའི་འདུ་ཤེས་སུ་མི་འགྱུར་བ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། ། བྱང་ཆུབ་སེམས་དཔའ་འགྲོ
104b4 འཛིན་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་དག་པར་སྦྱོར་བའི་སྒྲུབ་པ་ལགས་ཀྱི་ཡང་བའི་སྦྱོར་བ་མ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཡང་དག་པའི་སྦྱོར་བ་ལ་བརྩོན་པར་བགྱིའོ།། དེལ
104b5 ཡང་དག་པའི་སྦྱོར་བ་གང་ཞེ་ན། འདི་ལྟ་སྟེ། ནམ་མཁའ་དང་མཉམ་པ་ཉིད་པས་གང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཚལ་བ་འདི་ནི་རིའི་སྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ
104b6 གསོལ་པ། བྱང་ཆུབ་སེམས་དཔའ་གང་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་མ་སྐྱེས་པ་ལས་ཀྱང་སྟེ། མ་བྱུང་བ་ལས་ཀྱང་འབྱུང་ཡང་སྐྱེ་བ་དང་འཇིག་པ་དང་གནས་པ་ལ་མི་གནས་པ་འདི་ནི་དེའི་སྒྲུབ་པ་ཡང
104b7 དག་པ་ལགས་སོ། ། བྱང་ཆུབ་སེམས་དཔའ་དཔལ་བརྩེགས་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཅན་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་ཡང
104b8 མཐོང་ལ་སྙིང་རྗེ་ཆེན་པོའི་གོ་ཆ་དེ་ཡང་མི་འདོར་ཞིང་རྩོལ་བ་ཡང་དོན་མཆིས་པར་མཐོང་བ་འདི་ནི་དེའི་སྒྲིབ་པ་ཡང་དག་པ་ལགས་སོ། ། བྱང་ཆུབ་སེམས་དཔའ་འོད་ཟེར་ཐོགས་པ་མེད་པས་གསོལ་པ། བཅོམ་ལྡན




iiif viewer powered by OpenSeadragon

104a - 105a

Texts on this page

Q819 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo